分享按钮

(པར་ངོས་དང་པོར་མཐུད)གཙང་ཞིང་གྲལ་འགྲིག་པའི་སློབ་ཁང་སོགས་སྣེའུ་ཁུལ་གསར་གྱི་དོན་གྲུབ་དངུལ་རྩའི་གྲོང་བུ་བཅོལ་ཁང་བསྐྲུན་ཟིན་པ་དང་ཟླ་8ཚེས་10ཉིན་དངོས་སུ་སློབ་འགོ་ཚུགས་པ་མཐོང་བྱུང་།

དམངས་འཚོའི་རྣམ་གྲངས་རེ་རེ་བཞིན་ལེགས་གྲུབ་བྱུང་བ་དེས་མང་ཚོགས་ཚང་མར་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་དེ་བས་མང་བ་ཡོང་གི་ཡོད། སྣེའུ་ཁུལ་གསར་གྱིས་དམངས་འཚོའི་དོན་དངོས་ཡག་པོ་བསྒྲུབ་རྒྱུ་དེ་དོན་ཆེན་ཨང་དང་པོར་མུ་མཐུད་བརྩིས་ནས་ལས་ཀའི་སྟོབས་ཤུགས་གཅིག་སྡུད་དང་།འགག་རྩ་ལ་དམ་འཛིན་དང་དཀའ་གནད་སེལ་བ། མྱུར་ཚད་ལ་དམ་འཛིན་དང་སྤུས་ཚད་ལ་འགན་ལེན་བཅས་བྱས་ཏེ།ལས་ཀ་རེ་རེ་བཞིན་དམ་འཛིན་བྱས་ནས་ལས་ཀའི་ཕན་འབྲས་ལ་བརྟེན་ནས་དམངས་འཚོའི་བདེ་སྐྱིད་ཏན་ཏིག་ཡོང་བར་བྱེད་བཞིན་ཡོད།

ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)དོ་དམ་ཨུ་ལྷན་སྤྱི་ཚོགས་བྱ་གཞག་ཅུས་ཀྱི་རྣམ་གྲངས་ཀྱི་འཐུས་མི་པ་སངས་ཀྱིས་ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)དོ་དམ་ཨུ་ལྷན་གྱིས་འདི་ལོ་སློབ་གསོ་དང་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་རྣམ་གྲངས་5ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་2ལྷག་ཙམ་བཏང་བ་དང་རྣམ་གྲངས་མང་པོ་བསྐྲུན་རྗེས་མཐོ་གསར་ཁུལ་གྱི་འཕྲོད་བསྟེན་དང་སློབ་གསོའི་ཁྱབ་ཁོངས་ཀྱི་ཞན་ཆ་ལེགས་སུ་བཏང་ནས་མཐོ་གསར་ཁུལ་ལ་སྟབས་བདེའི་སློབ་ཞུགས་དང་སྨན་བཅོས་ཀྱི་ཆ་རྐྱེན་མཁོ་འདོན་བྱ་རྒྱུ་རེད་ཅེས་བཤད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-27 6 6 拉萨日报藏文 c186832.html 1 /enpproperty-->