分享按钮

ཤའོ་ཡིའུ་ཚའེ་ཡིས་ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ལས་འཛིན་པ་སུང་ཧའེ་ལེང་དང་བཅས་པར་བཞུགས་མོལ་གནང་བ།

ཤའོ་ཡིའུ་ཚའེ་ཡིས་ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ལས་འཛིན་པ་སུང་ཧའེ་ལེང་དང་བཅས་པར་བཞུགས་མོལ་གནང་བ།

(པར་ངོས་དང་པོར་མཐུད)ཁོང་གིས། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་རྒྱུ་དེ་ཏང་ཀྲུང་དབྱང་གི་ཐཱན་རྩེར་སོན་དང་ཐཱན་ཚད་སྙོམ་སྦྱོར་འཐབ་ཇུས་ལག་བསྟར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཐོག ཐོན་ལས་འཆར་འགོད་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་ཀྱི་རོགས་སྐྱོར་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། འོད་ཤུགས་གཙོ་བོར་བྱེད་པ་དང་། ས་འོག་ཚ་ནུས་དང་། རླུང་ནུས། ཆུ་ཤུགས་བཅས་ཕལ་པར་བྱེད་པའི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་བཏང་ཡོད། ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་ནི་རང་རྒྱལ་གྱི་ནུས་རྒྱུ་གློག་ཤུགས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྒྱལ་ཁབ་རུ་ཁག་དང་གཙོ་ཤུགས་དམག་དཔུང་ཞིག་ཡིན་ཞིང་། དུས་ཡུན་རིང་པོའི་ནང་། ཆབ་སྲིད་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་དཔའ་ངར་ཆེན་པོས་ཁུར་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་འཕེལ་རྒྱས་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་རམ་བྱེད་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཕྱོགས་གཉིས་པོས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་རྒྱུར་དམིགས་ནས་རང་སོ་སོའི་ལེགས་ཆ་འདོན་སྤེལ་བྱས་ཏེ། ལྗང་མདོག་ནུས་རྒྱུ་གཞན་སྒྱུར་རིམ་སྤོར་དང་། གྲངས་འཛིན་ཐོན་ལས་འཕེལ་རྒྱས། ནུས་རྒྱུ་གཙང་མ་འཛུགས་སྐྲུན། རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་སོགས་ཁྱབ་ཁོངས་སུ་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། ལག་གདང་སྦྲེལ་ནས་ལྷ་ས་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཀྲུང་དབྱང་དང་ས་གནས་དབར་མཉམ་ལས་ཀྱི་དཔེ་མཚོན་གསར་པ་ཐུན་མོང་ཐོག་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

སུང་ཧའེ་ལེང་གིས། ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་ལྟེ་བའི་ལེགས་ཆ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས། ལྷ་སར་ལས་སྒོ་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་རེད། ཁོང་གིས། ལྷ་ས་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་ཐད་གནས་བབ་མངོན་གསལ་དོད་པོ་དང་། ལེགས་ཆ་མངོན་གསལ་དོད་པོ། འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེ་བ། ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་བཅས་ཡོད། ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས“ལྷ་སར་དགོས་མཁོ་ཡོད་པ་དང་། ནུས་རྒྱུ་འཛུགས་སྐྲུན་ལ་ལེགས་ཆ་ཡོད་པ། ཕྱོགས་གཉིས་ཀར་ཐུན་མོང་གི་ངོས་འཛིན་ཡོད་པ། མཉམ་ལས་ལ་གཉིས་ཕན་ཡོད་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། ལག་རྩལ་གྱི་ལེགས་ཆ་དང་། ལས་རིགས་ཀྱི་ལེགས་ཆ། མ་དངུལ་གྱི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ། ལྷ་ས་གྲོང་ཁྱེར་དབར་གྲངས་འཛིན་ཐོན་ལས་དང་། ནུས་རྒྱུ་མཉམ་འདྲེས། ནུས་རྒྱུ་འཛུགས་སྐྲུན་མཉམ་འདྲེས་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས་ལྗང་མདོག་ཐཱན་ཉུང་དང་། གྲངས་གཞིའི་རིག་ནུས། མཉམ་སྤྱོད་མཉམ་འདྲེས་བཅས་ཀྱི་འཕེལ་རྒྱས་མ་ལག་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།

ཚོགས་འདུའི་ཐོག ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་དབར་འཐབ་ཇུས་ཀྱི་མཉམ་ལས་ཐད་གྲོས་མཐུན་བཞག་པ་རེད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-25 6 6 拉萨日报藏文 c186734.html 1 ཤའོ་ཡིའུ་ཚའེ་ཡིས་ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ལས་འཛིན་པ་སུང་ཧའེ་ལེང་དང་བཅས་པར་བཞུགས་མོལ་གནང་བ། /enpproperty-->