分享按钮

ཁྲོམ་རར་ཞུགས་འཐུས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བསམ་འཆར།

(པར་ངོས་གསུམ་པར་མཐུད)འབྲེལ་ཡོད་འགྲོ་ལུགས་མི་གཉེར་བར་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས། ཆོག་འཐུས་ཞུགས་འཐུས་དོན་ཚན་ཐད་ས་གནས་རིམ་ཁག་སྲིད་གཞུང་གིས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཞི་འཛིན་ས་དང་། ལག་རྩལ་གྱི་ཚད་གཞི། ཞུགས་འཐུས་ཀྱི་བླང་བྱ། ལས་སྒྲུབ་བརྒྱུད་རིམ། ལས་སྒྲུབ་དུས་ཚད་བཅས་ཡོངས་བསྒྲགས་བྱས་ནས་ཁྲོམ་རར་ཞུགས་འཐུས་ཞབས་ཞུའི་སྒྲིག་སྲོལ་བཟོས་ཏེ་གཏན་འབེབས་བྱས་པའི་ཆ་རྐྱེན་དང་བྱེད་སྟངས་ལྟར་གཉེར་སྐྱོང་བྱེད་པོས་སྒྲིག་སྲོལ་དང་མཐུན་པའི་སྒོ་ནས་ཞུགས་དགོས།

བཞི། ཁྲོམ་རར་ཞུགས་འཐུས་དོ་དམ་བྱེད་ཐབས་ལེགས་སྒྲིག་བྱེད་པའི་གོ་རིམ་ཁ་གསལ་བཟོ་དགོས། ཁྲོམ་རར་ཞུགས་འཐུས་དོ་དམ་བྱེད་ཐབས་གསར་སྣོན་ནམ་ཡང་ན་ལེགས་སྒྲིག་མ་བྱས་གོང་ལས་རིགས་གཙོ་གཉེར་དོ་དམ་སྡེ་ཚན་གྱིས“སུས་གཏན་འབེབས་བྱས་ན་དེས་འགན་འཁུར་བའི”རྩ་དོན་གཞིར་བཟུང་དགོས་ངེས་རང་བཞིན་དང་། བདེ་འཇགས་རང་བཞིན། ཕན་ནུས་རང་བཞིན་བཅས་ལ་རང་འགུལ་ངང་ཚོད་སྐོར་བྱེད་དགོས་པ་དང་། ཚོད་སྐོར་བྱས་རྗེས་ཁྲིམས་གཏན་འཁེལ་བའི་གོ་རིམ་ལྟར་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་སོཊ་བཟོ་བའམ་ཡང་ན་བཟོ་བཅོས་རྒྱག་རྒྱུའི་རེ་འདུན་ཞུ་དགོས། དཔལ་འབྱོར་འཁོར་རྒྱུག་ལ་གློ་བུར་དུ་ཉེན་ཁ་ཚབས་ཆེན་བཟོ་རིགས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུས་ནས་མོས་མཐུན་ཐོབ་རྗེས་གནས་སྐབས་རང་བཞིན་གྱི་ཁྲོམ་རར་ཞུཊ་འཐུས་དོ་དམ་བྱེད་ཐབས་སྤྱོད་ཆོག

ལྔ། རྒྱལ་ཁབ་ཕྱི་ནང་གི་མ་དངུལ་ཞུགས་འཐུས་སྲིད་ཇུས་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་ཕྱི་ནང་གི་མ་དངུལ་ཞུཊ་འཐུས་སྲིད་ཇུས་ལེགས་སྒྲིག་མཐུན་སྦྱོར་ལ་ཤུཊ་རྒྱག་པ་དང་ད་ཡོད་ཀྱི་གཉེར་སྐྱོང་བྱེད་པོའི་ཞུགས་འཐུས་གོ་སྐབས་ཉུང་དུ་མི་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་རྒྱལ་དམངས་ཐོབ་ཐང་གི་རྩ་དོན་མཐའ་འཁྱོངས་བྱེད་དགོས། ཕྱི་རྒྱལ་གྱི་མ་དངུལ་ཞུགས་འཐུས་ཚོད་འཛིན་ལྷུག་ཏུ་བཏང་ཚེ། རྒྱལ་ནང་གི་མ་དངུལ་ཡང་དུས་གཅིག་ཏུ་ལྷུག་ཏུ་གཏོང་དགོས། རྒྱལ་སྤྱིའི་གྲོས་ཆོད་དང་ཁས་ལེན་དང་མི་འགལ་བའི་སྔོན་འགྲོའི་ཆ་རྐྱེན་འོག་རྒྱལ་ནང་གི་མ་དངུལ་ཞུགས་འཐུས་ཀྱི་ཚད་གཞི་བཟོས་ཚེ། ཕྱི་རྒྱལ་གྱི་མ་དངུལ་ལའང་དུས་གཅིག་ཏུ་ཚད་གཞི་དེ་སྤྱོད་དགོས།

ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་དང་རང་མོས་ཚོང་དོན་ཚོད་ལྟ་ཁུལ་སོགས་ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་དེ་བས་བདེ་འཇགས་དང་། སྟབས་བདེ། ཕན་ཆེ་བཅས་ཀྱི་རྒྱལ་ཁབ་ཕྱི་ནང་གི་མ་དངུལ་ཞུགས་འཐུས་མཐུན་སྦྱོར་བྱེད་ཐབས་འཚོལ་ཞིབ་བྱེད་པར་ལྕག་སྐུལ་བྱེད་དགོས།

དྲུག ཞབས་ཞུའི་ལས་རིགས་ཀྱི་ཞུགས་འཐུས་ཚོད་འཛིན་གོ་རིམ་ལྡན་པའི་ངང་ལྷུག་ཏུ་གཏོང་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་དང་འབྲེལ་བ་མེད་པ་དང་ཁྲོམ་རའི་འགྲན་རྩོད་གང་ལེགས་བྱེད་པར་བརྟེན་ནས་མཁོ་སྤྲོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ཞབས་ཞུའི་ལས་རིགས་ཀྱི་ཁྱབ་ཁོངས་སུ་ཞུགས་འཐུས་ཚོད་འཛིན་རིམ་བཞིན་མེད་པར་བཟོ་ཆོག དམངས་འཚོའི་ཁྱབ་ཁོངས་གལ་ཆེན་དང་འབྲེལ་བ་ཡོད་པའི་སློབ་གསོ་དང་། འཕྲོད་བསྟེན། ལུས་རྩལ་སོགས་ལས་རིགས་ཀྱི་ཞུགས་འཐུས་ཚོད་འཛིན་ལྷུག་ཏུ་གཏོང་བ་དང་། རྒན་གསོ་དང་། བུ་བཅོལ། དབང་སྐྱོན་རོགས་རམ་སོགས་ལས་རིགས་ཀྱི་ཞུགས་འཐུས་ཚད་གཞི་ལེགས་སུ་གཏོང་དགོས། ལུགས་མཐུན་མིན་པའི་ཞབས་ཞུའི་ལས་རིགས་གཉེར་སྐྱོང་བྱེད་པོའི་ཞུགས་འཐུས་ཚོད་འཛིན་མེད་པར་བཟོ་བ་དང་། ས་ཁུལ་བརྒལ་བའི་གཉེར་སྐྱོང་སྲིད་འཛིན་གྱི་བཀག་རྒྱ་མེད་པར་བཟོ་བ། ཞབས་ཞུའི་ལས་རིགས་གཉེར་སྐྱོང་བྱེད་པོའི་གཉེར་སྐྱོང་བྱེད་སྒོའི་ཐོབ་ཐང་དང་། རྐང་དབང་གི་བསྡུར་ཚད། ཐོ་འགོད་མ་དངུལ། ལས་གཉེར་མི་སྣ། ལས་གཉེར་བྱ་ཡུལ། ལས་གཉེར་ཁྱབ་ཁོངས་སོགས་ཀྱི་བླང་བྱ་ལྷུག་ཏུ་བཏང་ནས། ཁོར་ཡུག་སྲུང་སྐྱོང་དང་། འཕྲོད་བསྟེན། བདེ་སྲུང་། སྤུས་ཚད་ཞིབ་བཤེར། མེ་ཟོན་སོགས་ཁྱབ་ཁོངས་སུ་སྒྲིག་ཁྲིམས་འགལ་ཏེ་ཞུགས་འཐུས་བཀག་རྒྱ་བཟོས་མི་ཆོག ཁྲོམ་རར་ཞུགས་འཐུས་ཀྱི་འབྲེལ་ཡོད་མཚམས་སྦྱོར་ཞབས་ཞུའི་དོན་ཚན་དྲ་ཐོག་ནས་ཡོངས་བསྒྲགས་ཐོག་བསྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས།

བདུན། ལས་རྣམ་གསར་པ་དང་ཁྱབ་ཁོངས་གསར་པའི་ཁྲོམ་རའི་ཞུགས་འཐུས་ཀྱི་ཁོར་ཡུག་ལེགས་སུ་གཏོང་དགོས། མཚོ་གཏིང་དང་། འཇིག་རྟེན་འཕུར་སྐྱོད། མཁའ་འགྲུལ། ཚེ་སྲོག་བདེ་ཐང་། ནུས་རྒྱུ་གསར་པ། མི་ཐབས་རིག་ནུས། རང་བདག་བློས་འཁེལ་རྩིས་རྒྱག ཆ་འཕྲིན་བདེ་འཇགས། རིག་ནུས་ལྕགས་ལམ་འགྲིམ་འགྲུལ། དེང་རབས་སོན་ལས་སོགས་ལས་རྣམ་གསར་པ་དང་ཁྱབ་ཁོངས་གསར་པར་དམིགས་ནས། ཚད་གཞི་སྣེ་ཁྲིད་དང་། རྣམ་པ་སྒོ་དབྱེ། ཁྲོམ་རའི་སྐུལ་འདེད། ཐོན་ལས་གཅིག་སྡུད། མ་ལག་རིམ་སྤོར་བཅས་ཀྱི་རྩ་དོན་དང་ཐབས་ལམ་གཞིར་བཟུང་། ཁྱབ་ཁོངས་ཕྱེ་ནས་ཁྲོམ་རའི་ཁོར་ཡུག་ལེགས་གཏོང་གི་ལག་བསྟར་ཇུས་གཞི་བཟོས་ཏེ། ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོའི་གསར་གཏོད་རང་བཞིན་གྱི་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ་དང་ཞུགས་འཐུས་ལས་ཆོད་ཆེ་རུ་གཏོང་དགོས། སྔོན་ཐོན་ལག་རྩལ་ཉེར་སྤྱོད་ཀྱི་སྐུལ་འདེད་ལྟེ་གནས་དང་ཚན་རྩལ་གྲུབ་འབྲས་སྣ་ཚོགས་གཞན་སྒྱུར་སོགས་གསར་གཏོད་ལས་སྟེགས་ཡག་པོ་སྤྱོད་པ་དང་ཐོན་ལས་མ་ལག་དང་། གསར་གཏོད་ཐོན་ཁུངས། མ་རྩའི་རྒྱུ་རྐྱེན། ཉེར་སྤྱོད་རྣམ་པ། ལམ་ལུགས་སྲིད་ཇུས་སོགས་ཤར་གཏོང་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། ལག་རྩལ་གསར་ཤོས་ཁྱབ་ཁོངས་ཀྱི་གསར་གཏོད་གྲུབ་འབྲས་ཉེར་སྤྱོད་གཞན་སྒྱུར་ཁྲོམ་རའི་ཞུགས་འཐུས་ཀྱི་ཁོར་ཡུག་འཛུགས་སྐྱོང་བྱ་སྤྱོད་ལག་བསྟར་དང་། སྐམ་མཚོ་མཁའ་གསུམ་གྱི་བར་མཐོངས་ཡོངས་ཀྱི་རིག་ནུས་མི་མེད་མ་ལག་ཉེར་སྤྱོད་དང་ཚད་གཞི་འཛུགས་སྐྱོང་སྔོན་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་ཞུགས་འཐུས་སྲིད་ཇུས་མ་ལག་མགྱོགས་མྱུར་འཛུགས་པ། གྲངས་འཛིན་ཐོན་རྫས་ཀྱི་ཁྲོམ་རར་ཞུགས་འཐུས་རྒྱ་ཆེ་རུ་ཧུར་ཐག་གཏོང་བ་བཅས་བྱེད་དགོས། གློག་རྡུལ་ཆ་འཕྲིན་དང་། རྩིས་རྒྱག་ཚན་རིག མཚོ་གཏིང་། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད། ནུས་རྒྱུ་གསར་པ། རྒྱུ་ཆ་གསར་པ། སྐྱེ་དངོས་སྨན་རྫས། ཚད་རྡུལ་ཚན་རྩལ། དེང་རབས་སོན་ལས་སོགས་ཀྱི་ཁྱབ་ཁོངས་འདེམས་པ་དང་། གཙོ་གནད་ཁེ་ལས་དང་ཞིབ་འཇུག་སྒྲིག་གཞི་སོགས་གསར་གཏོད་ཚན་པ་དང་འབྲེལ་ཡོད་ས་གནས་སུ་འབྲེལ་ཡོད་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོའི་ཚན་རིག་ཞིབ་འཇུག་གསར་ཤོས་མཐུན་སྦྱོར་བྱེད་ཐབས་འཛུགས་པར་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་ཁྲོམ་རའི་ཞུགས་འཐུས་སྒྲིག་སྲོལ་དང་ཚད་གཞི་གཏན་འབེབས་ལ་ཧུར་ཐག་ཞུགས་པ་བཅས་བྱས་ནས། གཙོ་གནད་ཁྱབ་ཁོངས་ཀྱི་གསར་གཏོད་གྲུབ་འབྲས་སྟབས་བདེ་དང་ཕན་ཆེའི་སྒོ་ནས་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས།

བརྒྱད། ཁྲོམ་རར་ཞུགས་འཐུས་ལྷུག་གཏོང་གི་ཚོད་ལྟར་ཤུགས་སྣོན་རྒྱག་དགོས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་། འབྱུང་འགྱུར་ཐོན་ལས་ཀྱི་གཙོ་གནད་ཁྱབ་ཁོངས། ཐོན་སྐྱེད་ནུས་ཤུགས་གལ་ཆེན་གྱི་བཀོད་པ་བཅས་ལ་དམིགས་པ་དང་། ཁྲིམས་སྲོལ་སྲིད་ཇུས་དང་། ལག་རྩལ་ཚད་གཞི། ཞིབ་དཔྱད་ཚད་ལེན་དཔང་འདོན། གྲངས་གཞིའི་མ་ལག་བཅས་དམ་འཛིན་བྱ་གཞིར་བྱེད་པ། ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་བཀོལ་སྤྱོད་ལ་སྐུལ་འདེད་དེ་བས་ལེཊ་གཏོང་བ། གཙོ་གནད་ས་ཁུལ་བདམས་ནས་ཁྲོམ་རར་ཞུཊ་འཐུས་ལྷུག་གཏོང་གི་ཚོད་ལྟ་བཅས་བྱས་ནས། ཁྲོམ་རར་ཞུཊ་འཐུས་ལྷུག་གཏོང་གི་དམིགས་བསལ་བྱེད་ཐབས་ཁག་དབྱེ་ནས་བཟོ་བ་དང་འདོན་དགོས། བཀོད་སྒྲིག་བྱས་ཟིན་པའི་ཁྲོམ་རར་ཞུཊ་འཐུས་ལྷུག་གཏོང་གི་དམིཊ་བསལ་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ཡག་པོ་བྱེད་པ་དང་སྲིད་ཇུས་ཚོད་སྐོར་ཡག་པོ་བྱེད་དགོས། ལག་བསྟར་གྱི་ཕན་འབྲས་བཟང་བའི་ས་ཁུལ་དུ་དམིཊ་བསལ་གྱི་བྱེད་ཐབས་གསར་པ་ཁག་གཅིག་འདོན་ཆོག ལད་མོ་དང་ཁྱབ་གདལ་གཏོང་ཆོག་པའི་ཆ་རྐྱེན་འཛོམས་པའི་དམིཊ་བསལ་གྱི་བྱེད་ཐབས་ཁྱབ་ཁོངས་དེ་བས་ཆེ་བར་ཁྱབ་གདལ་གཏོང་བ་དང་སྤྱོད་ཆོག

དགུ ཁྲོམ་རར་ཞུགས་འཐུས་ལམ་ལུགས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། ཁྲོམ་རར་ཞུགས་འཐུས་ཀྱི་ཕན་འབྲས་ལ་ཕྱོགས་ཡོངས་ནས་ཚོད་སྐོར་བྱེད་པ་དང་། དམིགས་ཚད་མ་ལག་ལེགས་གཏོང་། ཕྱོགས་གསུམ་པའི་སྒྲིག་གཞིའི་ནུས་པ་འདོན་པར་མཐོང་ཆེན་བཅས་བྱས་ཏེ། ཚོད་སྐོར་བརྒྱུད་རིམ་ཧྲིལ་པོར་ཡོངས་བསྒྲགས་དང་ཁ་གསལ་བཟོ་བ་དང་ཚོད་སྐོར་བྱས་འབྲས་ལུགས་དང་མཐུན་པའི་འགན་ལེན་ཏན་ཏིག་བྱས་ཏེ། ས་གནས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཚོད་སྐོར་བྱས་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བར་ལྕག་སྐུལ་བྱེད་དགོས། ས་གནས་ཀྱིས་ཁྲོམ་རའི་ཞུགས་འཐུས་ལམ་ལུགས་ལས་འགལ་བའི་གནས་ཚུལ་གྲལ་བཤེར་བྱས་ནས་ཤེས་རྟོགས་བྱུང་ཚེ་དག་ཐེར་བྱས་ཏེ་འབྲེལ་ཡོད་གནས་ཚུལ་རྒྱལ་ཡོངས་ཀྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་དང་རྒྱལ་ཡོངས་གྲོང་ཁྱེར་གྱི་ཡིད་རྟོན་ལྟ་ཞིབ་ཚད་ལེན་ཁྱབ་ཁོངས་ནང་འཇུག་པ་དང་འབྲེལ་སྤྱི་ཚོགས་ལ་བརྡ་ཁྱབ་གཏོང་དགོས། ཁྲོམ་རར་ཞུགས་འཐུས་དང་འཚམ་པའི་ལྟ་འདོམས་བྱེད་སྟངས་བཟོ་བ་དང་། ཁྲོམ་རའི་ཕྱོགས་བསྡུས་ལྟ་འདོམས་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ་སྲིད་གཞུང་གི་ལྟ་འདོམས་དང་། ཁེ་ལས་ཀྱི་རང་རྟོགས། ལས་རིགས་ཀྱི་རང་གཅུན། སྤྱི་ཚོགས་ཀྱི་ལྟ་སྐུལ་བཅས་ཀྱི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་དགོས།

བཅུ། སྒྲིག་འཛུགས་ལག་བསྟར་ལ་ཤུགས་སྣོན་རྒྱག་དགོས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་དང་། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྒྲིག་འཛུགས་ལག་བསྟར་དང་། རྗེས་སྙེག་ཚོད་སྐོར། ཕྱོགས་སྡོམ་ཚུར་ལེན་བཅས་ལ་ཤུགས་སྣོན་རྒྱག་དགོས། དོན་དག་གལ་ཆེན་དུས་ཐོག་ཏུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་དགོངས་སྐོར་སྙན་སེང་ཞུ་དགོས།

(བྱམས་པ་ཚེ་རིང་དང་ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-25 6 6 拉萨日报藏文 c186733.html 1 ཁྲོམ་རར་ཞུགས་འཐུས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བསམ་འཆར། /enpproperty-->