ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སྟོད་ལུང་བདེ་ཆེན་ཆུས་ཨུད་དྲིལ་བསྒྲགས་པུའུ་ཡིས་གདོང་དཀར་ཁྲོམ་གཞུང་ནམ་མཁའ་སྡེ་ཁུལ་དང་མཉམ་འབྲེལ་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཇ་ཁང་དུ་སྒྲོག་འགྲེལ་བྱེད་པའི་བྱེད་སྒོ་སྤེལ་ཞིང་། གཞི་རིམ་མང་ཚོགས་ཀྱིས་ཇ་འཐུང་ཞོར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པར་བྱས་ཡོད།
སྟོད་ལུང་བདེ་ཆེན་ཆུས་ནམ་མཁའ་སྡེ་ཁུལ་དུ་གནས་པའི་ཀླུ་ཐུག་ཨ་མའི་ཇ་ཁང་དུ་ངོ་མཚར་ཆེ་བའི་སྒྲོག་འགྲེལ་དེ་སོས་དལ་བག་ཕེབས་ཀྱི་རྣམ་པའི་ཁྲོད་དུ་འགོ་ཚུགས་ཤིང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་སྒྲོག་འགྲེལ་པ་ལེགས་ཤེས་ཕུན་ཚོགས་ཀྱིས་གོ་བདེ་ལ་ཉན་སྤྲོ་བའི་སྐད་ཆའི་ཐོག་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་དམིགས་ཏེ། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་དམ་ཟབ་ཀྱིས་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་ལ་བརྟེན་ནས་བརྗོད་དོན་ཆེན་པོ་དང་གནས་ལུགས་ཆེན་པོ་མངོན་པར་བྱས་པས་ཇ་ཁང་ནང་གི་མང་ཚོགས་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་ཡོད། སྒྲོག་འགྲེལ་བྱས་པ་བརྒྱུད། གྲོང་མི་མང་ཚོགས་དང་ཕྱི་ནས་ཡོང་བའི་ལས་མི་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དེ་བས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་གོ་བ་གཏིང་ཟབ་ལོན་ཐུབ་པར་བྱུང་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ད་དུང་ཕན་ཚུན་བགྲོ་གླེང་གི་ལྷུ་ཚིགས་བཀོད་སྒྲིག་བྱས་ཡོད་པས། ཚང་མས་ཧུར་ཐག་ཞུགས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་སྔར་བས་གཏིང་ཟབ་ལོན་ཐུབ་པར་བྱས་པ་དང་རང་སེམས་སུ་འཇགས་པར་བྱས་ཡོད། སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་ནམ་མཁའ་སྡེ་ཁུལ་གྱི་གྲོང་མི་བསོད་ནམས་ཕུར་སྒྲོན་གྱིས།དེ་རིང་གི་སྒྲོག་འགྲེལ་བྱེད་སྒོ་ཧ་ཅང་ཡག་པོ་སྤེལ་འདུག སྒྲོག་འགྲེལ་གྱི་ནང་དོན་གོ་བདེ་ལ་ཤེས་སླ་བ་དང་།ང་ཚོའི་འཚོ་བ་དང་འབྲེལ་བ་ཟབ་མོ་འདུག ང་ཚོས་ཇ་འཐུང་ཞོར་དུ་ཤེས་བྱ་སློབ་སྦྱོང་བྱེད་ཆོག་པར་མ་ཟད། ད་དུང་དྲིལ་བསྒྲགས་དཔྱད་གཞི་ཡང་རག་བྱུང་། སླད་ཕྱིན་སྒྲོག་འགྲེལ་བྱེད་སྒོ་དེ་རིགས་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད།
དེ་རྗེས། སྟོད་ལུང་བདེ་ཆེན་ཆུས་ཨུད་དྲིལ་བསྒྲགས་པུའུ་ཡི་ལས་དོན་པས་ཡུལ་དངོས་ཀྱི་མང་ཚོགས་ལ་བོད་ཡིག་གི་དཔེ་དེབ་སྣ་ཚོགས་དང་།《ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་འབྲེལ་ཡོད་ཤེས་བྱའི་ལག་དེབ》 དེ་བཞིན་དྲིལ་བསྒྲགས་ཡིག་ཆ་སྤུས་ལེགས་སོགས་སྤྲད་པས། མང་ཚོགས་ཀྱི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པར་མ་ཟད། སྒྲོག་འགྲེལ་བྱེད་སྒོར་ཡང་སྔར་བས་གསོན་ཤུགས་རྒྱས་ཡོད། ཕྱིས་འབྱུང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱེད་སྒོ་ཧུར་ཐག་སྤེལ་རྒྱུ་ཡིན་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་མུ་མཐུད་འཕྱུར་བར་བྱ་རྒྱུ་རེད། དེ་བཞིན་སྔར་བས་ཕུན་སུམ་ཚོགས་པའི་སྒྲོག་འགྲེལ་རྣམ་པ་དང་སྔར་བས་གསོན་ཉམས་དོད་པའི་ནང་དོན་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་སུ་གཏིང་ཟབ་འཇགས་པར་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གཞི་རིམ་དུ་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་པར་བྱ་རྒྱུ་རེད།
སྟོད་ལུང་བདེ་ཆེན་ཆུས་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དབྱང་ལིས། ཟླ་8ཚེས་22ཉིན་ནས་10ཚེས་1བར། སྟོད་ལུང་བདེ་ཆེན་ཆུས་ཨུད་དྲིལ་བསྒྲགས་པུའུ་ཡིས་སྟོད་ལུང་བདེ་ཆེན་ཆུས་ནས་འཐུས་ཚབ་རང་བཞིན་གྱི་སྒྲོག་འགྲེལ་པ་བདམས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཇ་ཁང་དུ་སྒྲོག་འགྲེལ་བྱེད་པའི་བྱེད་སྒོ་སྤེལ་རྒྱུ་དང་དུས་མཚུངས་བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་དང་། རིག་དཔལ་དར་བའི་སྟོད་ལུང་། དང་བླངས་ཞབས་ཞུ་བཅས་ཀྱི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་མང་ཚོགས་ཀྱིས་ཉན་འདོད་པ་དང་། གོ་ཐུབ་པ། གོ་བ་ལེན་ཐུབ་པ་བཅས་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བཤད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社