(པར་ངོས་དང་པོར་མཐུད)ཁག་བརྒྱད་པའི་བོད་སྐྱོར་ནས་བཟུང་རིམ་མཚུངས་ཀྱི་ཕུལ་བྱུང་བ་མངགས་གཏོང་གི་ལས་དོན་ལག་ལེན་བསྟར་འགོ་ཚུགས་ནས་མངགས་གཏོང་གི་གྲུབ་ཚུལ་རྒྱུན་མཐུད་ངང་ལེགས་སུ་བཏང་ཡོད། མངགས་གཏོང་བྱེད་པའི་ནང་གཙོ་བོ་ཏང་སྲིད་ལས་བྱེད་པ་མངགས་གཏོང་བྱེད་པ་ནས་ཏང་སྲིད་ལས་བྱེད་པ་དང་།ཆེད་ལས་ལག་རྩལ་པ། ཁེ་ལས་གཉེར་སྐྱོང་དོ་དམ་ཤེས་ལྡན་པ་བཅས་ཟུང་འབྲེལ་གྱིས་མངགས་གཏོང་བྱེད་པའི་བར་འཕེལ་རྒྱས་བཏང་བར་མ་ཟད། མི་སྣའི་ཕོ་མོ་དང་། སློབ་རྒྱུས། ལོ་ཚོད། ཆེད་ལས་གྲུབ་ཚུལ་བཅས་སྔར་ལས་ལུགས་མཐུན་ཡོང་བར་བྱས་ནས་མངགས་གཏོང་བྱེད་སྟངས་ཀྱང་སྟབས་བསྟུན་སྣ་མང་ཡིན་པ་རེད། དོན་ངོ་མའི་དགོས་མཁོ་སྐོང་བར་དམིགས་ནས་ལོ་གསུམ་གྱི་བོད་སྐྱོར་དང་དུས་ཡུན་ཐུང་ངུའི་བོད་སྐྱོར། འཆར་གཞིའི་ནང་གི་བོད་སྐྱོར་དང་འཆར་གཞིའི་ཕྱི་རོལ་གྱི་བོད་སྐྱོར་སོགས་ཀྱི་བྱེད་སྟངས་ཟུང་འབྲེལ་བྱེད་པའི་མངགས་གཏོང་རྣམ་པ་རིམ་བཞིན་ཆགས་ཡོད།ལས་ཀའི་ནང་རྐྱེན་སྔར་བས་འཐུས་ཚང་དུ་བཏང་བ་སྟེ། དེ་ཡང་ཀྲུང་དབྱང་ནས་བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར།པུའུ་ཨུད། ཁེ་ལས་བཅས་བར་དང་། རང་སྐྱོང་ལྗོངས་ཏང་ཨུད་ནས་རོགས་སྐྱོར་བྱ་ཡུལ་ཚན་པ་ཁག་བར་ཚང་མར་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་།རྩ་འཛུགས་སྡེ་ཚན་གྱིས་སྣེ་ཁྲིད་དེ་སྤྱི་ཁྱབ་དམ་འཛིན་བྱེད་པ།འབྲེལ་ཡོད་སྡེ་ཚན་གྱིས་གཞོགས་འདེགས་དམ་ཟབ་བཅས་བྱེད་པའི་ལས་ཀའི་ལམ་སྲོལ་བཙུགས་ཡོད།
ལོ་ངོ་30ཡི་རིང་རིམ་རྩིས་བྱས་ན་དྭ་ཕྲུག་དང་སློབ་མ་དབུལ་པོ་ཁྲི་1ཙམ་ལ་རོགས་སྐྱོར་བྱས་པར་མ་ཟད། ད་དུང་ལྷན་སྐྱེས་སྙིང་ནད་དང་། སྐྱ་འགྲིབ། གྲུམ་བུ་ཚིགས་ཆེན་ནད་སོགས་ཀྱི་ནད་པ་8300ལྷག་ཙམ་ལ་རིན་མི་དགོས་པར་སྨན་བཅོས་ཀྱང་བྱས་ཡོད། གླིང་ཁུལ་དང་མཛེས་ལྗོངས་ཁུལ་གྱི་རྣམ་གྲངས་གཞི་རྟེན་དུ་བྱས་ནས་བོད་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཁེ་ལས་1140ལྷག་ཙམ་ནང་འདྲེན་བྱས་ནས་འུན་ཤིང་ཀོང་ཇོའི་ལྗོངས་དངོས་ཀྱི་ཟློས་གར་དང་། ལྷ་སའི་ཅ་དངོས་ཡག་པོ་སོགས་ཁྱད་ལྡན་གྲགས་རྟགས་བརྒྱ་ཕྲག་ཁ་ཤས་བཏོད་ནས་བོད་ཀྱི་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རིམ་རྩིས་བྱས་ན་བོད་སྐྱོར་རྣམ་གྲངས་ཁག་9500ལྷག་ཙམ་ལག་བསྟར་བྱས་ཡོད། ཁྱབ་ཁོངས་ཆེ་བའི་སྒོ་ནས་བོད་སྐྱོར་གྱི་གཉིས་འགུགས་གཉིས་འདྲེན་གྱི་ལས་དོན་སྤེལ་ནས་2023ལོ་ཁོ་ནར་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་251.76ཟིན་པ་དང་།རིམ་པ་མཐོ་བའི་ཤེས་ལྡན་པ་146བསྡུས་ཡོད། བོད་ཀྱི་འབྱུང་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་གྱི་འཆར་འགོད་བཟོ་རོགས་བྱས་ནས་གཙང་པོ་གཉིས་དང་ཆུ་བོ་བཞིའི་འབབ་རྒྱུད་དང་ལྷ་སའི་ལྷོ་བྱང་རི་བོའི་ནགས་བཟོ་སྔོ་འགྱུར་དང་། ཐང་རྒོད་ཅན་བཅོས་སྐྱོང་། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་སོགས་སྐྱེ་ཁམས་ཀྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར(ཚན་པ)ལ་མཐུན་སྦྱོར་བྱས་ནས་རང་སྐྱོང་ལྗོངས་ཀྱི་འབྱུང་ཁམས་ལྟ་ཞིབ་ཚད་ལེན་ལྟེ་གནས་དང་། འབྱུང་ཁམས་ལྟ་ཞིབ་ཚད་ལེན་ས་ཚིགས་10 འབྱུང་ཁམས་རིགས་སྣ་ཚོགས་ཀྱི་རྒྱབ་ལྗོངས་ལྟ་ཞིབ་ཚད་ལེན་ས་ཚིགས་100སོགས་འཛུགས་རོགས་བྱས་ཡོད།
སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་།རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་ཀ་པ་རིམ་པ་གསུམ་སྟོབས་ཆེར་གཏོང་བའི་གོམ་སྟབས་མུ་མཐུད་མགྱོགས་སུ་བཏང་བས་ལྷ་ས་སོགས་གྲོང་ཁྱེར་དྲུག་གི་མི་དམངས་སྨན་ཁང“ཀ་པ་རིམ་གསུམ”དུ་བཏོད་ཡོད། སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་རོགས་སྐྱོར་བྱ་ཡུལ་སློབ་གྲྭ་21གི་སློབ་གསོའི་སྤུས་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་ནས་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་མུ་མཐུད་སླེབས་ཡོད། ལས་ཞུགས་ཐད།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རིམ་རྩིས་བྱས་ན་ལས་གནས་གདན་ཞུའི་བྱེད་སྒོ་སྣ་ཚོགས་ཐེངས་1800ལྷག་ཙམ་སྤེལ་བ་དང་ལས་གནས་ཁྲི་9.3ལྷག་ཙམ་མཁོ་འདོན་བྱས་ནས་མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་སེལ་རོགས་བྱས་ཡོད།
གཞན་ཡང་ད་དུང་རྩལ་ནུས་གསོ་སྦྱོང་དང་ལས་སྒོའི་འཆད་ཁྲིད་སོགས་བརྒྱུད་རོགས་ཁྲིད་གསུམ་གྱི་བྱེད་སྒོ་མུ་མཐུད་སྤེལ་ནས་རོགས་སྐྱོར་བྱ་ཡུལ་གྱི་ལས་བྱེད་པ་དང་ཤེས་ལྡན་པར་བསམ་བློ་བཅིངས་འགྲོལ་དང་། འདུ་ཤེས་གསར་སྒྱུར། ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བ་བཅས་མགྱོགས་མྱུར་བྱ་རྒྱུར་རོགས་རམ་བྱས་ཡོད།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཁྱོན་རིགས་གཅིག་མཁས་ཅན་དང་མཁས་དབང་མི་ཐེངས་ཁྲི་1.2ལྷག་ཙམ་བོད་དུ་སློབ་ཁྲིད་བྱེད་པར་གདན་དྲངས་ནས་ས་གནས་དེ་གའི་ལས་བྱེད་པ་དང་ཤེས་ལྡན་པ་མི་ཐེངས་ཁྲི་24.4ལྷག་ཙམ་ལ་མཛུབ་ཁྲིད་གསོ་སྦྱོང་བྱས་པ་དང་། རོགས་སྐྱོར་བྱ་ཡུལ་གྱི་ལས་བྱེད་པ་མི་ཐེངས་ཁྲི་8.7ལྷག་ཙམ་ལྗོངས་ཕྱིར་གསོ་སྦྱོང་སློབ་སྦྱོང་དང་ལས་གནས་སྦྱོང་བརྡར་བྱེད་པར་སྒྲིག་འཛུགས་བྱས་ཡོད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社