ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་21ཉིན། ཅང་སུའུ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཁ་གཏད་རོགས་སྐྱོར་རྟོག་ཞིབ་བཞུགས་མོལ་ཚོགས་འདུ་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་སུ་འཚོགས་པ་རེད།
ཅང་སུའུ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིང་ཁྲུན་དང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སྤེན་པ་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུང་ལིའུ་ཀྲུའུ་ཡིས་ཅང་སུའུ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་དོན་འཁྱོལ་བྱས་ཚུལ་སྙན་སེང་ཞུས་པ་རེད། ཁོང་གིས། ཅང་སུའུ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཤེས་ལྡན་པ་དང་། གྲངས་འཛིན་ཅན་དང་རིག་ནུས་ཅན་འཛུགས་སྐྱོང་། རྣམ་གྲངས་ཀྱི་མ་དངུལ། ལྷག་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་མི་རིགས་ཁག་གི་ལས་བཟོ་བའི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད། མུ་མཐུད་རོགས་སྐྱོར་དང་རོགས་རམ་དེ་བས་མང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཚོགས་འདུའི་ཐོག རོགས་སྐྱོར་ཐོབ་པའི་གྲོང་ཁྱེར་དང་རྫོང(ཆུས)གི་འཐུས་ཚབ་ཆུ་ཤུར་རྫོང་དང་སྟག་རྩེ་ཆུས་ཀྱི་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རོགས་སྐྱོར་ཐོབ་ཚུལ་སྙན་སེང་ཞུས་ཤིང་། ཅང་སུའུ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་དང་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མ་དངུལ་སྒོར་ཁྲི་108དང་འབྲེལ་བའི《2024ལོའི་བོད་སྐྱོར་རྣམ་གྲངས་ཀྱི་གྲོས་མཐུན》ལ་མིང་རྟགས་བཀོད་པ་རེད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社