分享按钮

ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་གནང་སྐབས།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས“དོན་ཆེན་བཞི”དོན་འཁྱོལ་བྱེད་དགོས་པ་དང་། ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདོང་ལེན་པ་ལེཊ་པར་བྱེད་དགོས་ཞེས་ནན་གསུངས་གནང་བ།

ཚེས་20ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཞུང་ཁག་གི་སྡེ་ཁུལ་དང་། ཁེ་ལས་ཀྱི་འཁོར་ཁང་། གནའ་གྲོང་གི་སྒོ་ར་བཅས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། པར་འདི་ནི་ཝང་ཅུན་ཀྲེང་གིས་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་གདོང་དཀར་སྡེ་ཁུལ་དུ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་གཞི་རིམ་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པའི་རྣམ་པ་ཡིན།

ཚེས་20ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཞུང་ཁག་གི་སྡེ་ཁུལ་དང་། ཁེ་ལས་ཀྱི་འཁོར་ཁང་། གནའ་གྲོང་གི་སྒོ་ར་བཅས་སུ་བརྟག་ཞིབ་གནང་བར་ཕེབས་པ་དང་། ལྷ་ས་གྲོང་ཁྱེར་གྱི་ལས་དོན་སྙན་ཞུར་གསན་ཞིང་། པར་འདི་ནི་ལྷ་ས་གྲོང་ཁྱེར་གྱི་ལས་དོན་སྙན་ཞུའི་ཚོགས་ཆེན་གྱི་ཚོགས་ར་དངོས་ཀྱི་རྣམ་པ་ཡིན།

བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ། ཚེས་20ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཞུང་ཁག་གི་སྡེ་ཁུལ་དང་། ཁེ་ལས་ཀྱི་འཁོར་ཁང་། གནའ་གྲོང་གི་སྒོ་ར་བཅས་སུ་བརྟག་ཞིབ་གནང་བར་ཕེབས་ཡོད། ཁོང་གིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ཉམས་མྱོང་ཕྱོགས་བསྡོམས། ཆོས་ཉིད་ཁོང་དུ་ཆུད་པ། ལམ་སྲོལ་ལེགས་སྒྱུར། འགན་འཁྲི་ནན་དཀྲི་བཅས་བྱས་ཏེ། “དོན་ཆེན་བཞི”དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཤིང་། ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདོང་ལེན་པ་ལེགས་པར་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལའེ་ཅའོ་དང་། ཤའོ་ཡིའུ་ཚའེ། ཀུང་ཧུའེ་ཚའེ། ལང་ཧྥུ་ཁོན། ཚེ་རིང་ཕུན་ཚོགས། ཀྲང་ལི་བཅས་བྱེད་སྒོར་ཞུགས་པ་རེད།

ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གིས་མང་ཚོགས་དང་འབྲེལ་གཏུག་བྱེད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཟམ་པ་ལྟ་བུ་ཡིན། ཝང་ཅུན་ཀྲེང་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་གདོང་དཀར་སྡེ་ཁུལ་དུ་ཕེབས་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་གཞི་རིམ་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ལས་དོན་པ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས“སྤྱི་ཚོགས་ལས་བཟོ་བས་ལས་ཀ་གང་དག་བྱེད་ཀྱི་ཡོད” (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-23 ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས“དོན་ཆེན་བཞི”དོན་འཁྱོལ་བྱེད་དགོས་པ་དང་། ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདོང་ལེན་པ་ལེཊ་པར་བྱེད་དགོས་ཞེས་ནན་གསུངས་གནང་བ། 6 6 拉萨日报藏文 c186627.html 1 ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་གནང་སྐབས། /enpproperty-->