分享按钮

ཝང་ཅུན་ཀྲེང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་སྐབས་འདིའི་འགྲན་བསྡུར་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ།

2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་སོན་འགྲན་བསྡུར་སྐབས་ལྔ་པ་ལྷ་སར་གཟབ་རྒྱས་ངང་འགོ་ཚུཊ་པ།

ཚེས་21ཉིན་གྱི་སྔ་དྲོར། 2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་སོན་འགྲན་བསྡུར་སྐབས་ལྔ་པ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་།པར་འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་སྐབས་འདིའི་འགྲན་བསྡུར་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བཞིན་པའི་རྣམ་པ་ཡིན།

བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ། ཚེས་21ཉིན་གྱི་སྔ་དྲོར། 2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་སོན་འགྲན་བསྡུར་སྐབས་ལྔ་པ་ལྷ་ས་གྲོང་ཁྱེར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་སྐབས་འདིའི་འགྲན་བསྡུར་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།

ཟླ་བརྒྱད་པའི་ལྷ་སའི་གནམ་གཤིས་དྭངས་ཤིང་། སྐལ་བཟང་མེ་ཏོག་ལྷུག་པོར་བཞད་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་བསུ་བཞིན་ཡོད། ཆུ་ཚོད་10པ་ཏག་ཏག་ལ་ཚོགས་ར་ཡོངས་ཀྱི་དགའ་འབོད་ཁྲོད་འགོ་ཚུགས་མཛད་སྒོ་དངོས་སུ་འགོ་ཚུགས་པ་རེད།

འགྲན་བསྡུར་ནང་ཞུགས་མཁན་རྐང་འཁོར་རུ་ཁག་22ཀྱི་འཐུས་མི་སྔ་རྗེས་སུ་གར་སྟེགས་གཙོ་བོའི་ཐོག་བསྐྱོད་ཅིང་།ས་གནས་ས་ཐོག་གི་ལྟད་མོ་བས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས།

ཆུ་ཚོད་10དང་སྐར་མ་20ཙམ་ལ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་སོན་འགྲན་བསྡུར་སྐབས་ལྔ་པ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་རེད། གློ་བུར་དུ་ཚོན་ཁྲ་ཅན་གྱི་དུ་སྨུག་མཁའ་དབྱིངས་སུ་འཕྱུར་ཞིང་། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས།

དེ་རྗེས་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་འགོ་ཚུགས་ཤིང་། ཞབས་བྲོ《གངས་རིའི་སྨོན་འདུན》ཞེས་པའི་ཐོག་ནས་བོད་ལྗོངས་མི་དམངས་ཀྱི་སྤྲོ་སེམས་དང་གསོན་ཤུགས་མངོན་པ་དང་། གླུ་དབྱངས《ལྷ་སར་ཕེབས་པར་དགའ་བསུ་ཞུ》ཞེས་པའི་དབྱངས་རྟ་ལས་ལྷ་སའི་ཡུལ་སྐོར་གྲོང་ཁྱེར་གྱི་སྒོ་དབྱེ་དང་ཁོང་ཡངས་མངོན་པར་བྱས་ཡོད། སྐྱེས་པའི་ཞབས་བྲོ《དར་རྒྱས》ཞེས་པ་དང་།བུད་མེད་ཀྱི་ཞབས་བྲོ《ཨེ་མ་ཧོ》ཞེས་པའི་ཐོག་ནས་ས་མཐོའི་བུ་ཕྲུག་གི་བློ་སྟོབས་དང་། མཛེས་ཉམས་མངོན། 《བདེ་ཐང་ལྡན་པའི་བོད་ལྗོངས》ཞེས་པའི་ཞབས་བྲོ་ལས་བདེ་སྐྱིད་ཀྱི་སྟོན་གྲངས་ཟམ་མི་ཆད་པར་མཐོ་རུ་འགྲོ་བའི་བོད་ལྗོངས་དང་དེ་བཞིན་ལུས་རྩལ་འདི་ཉིད་དར་སྲོལ་གསར་པ་ཞིག་ཏུ་གྱུར་པའི་བོད་ལྗོངས་ཀྱི་ཉམས་བཟང་མངོན་ཡོད། (པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-23 2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་སོན་འགྲན་བསྡུར་སྐབས་ལྔ་པ་ལྷ་སར་གཟབ་རྒྱས་ངང་འགོ་ཚུཊ་པ། 6 6 拉萨日报藏文 c186626.html 1 ཝང་ཅུན་ཀྲེང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་སྐབས་འདིའི་འགྲན་བསྡུར་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ། /enpproperty-->