ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་གསར་འགྱུར་དྲིལ་བསྒྲཊ་ལས་དོན་གྱི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། སྤྱི་བདེའི་དྲིལ་བསྒྲཊ་ལས་དོན་ལ་ཁྱོན་ཡོངས་ནས་ཤུཊ་སྣོན་རྒྱག་ཆེད།
ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་དོན་གྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གྲོང་ཁྱེར་སྤྱི་བདེ་ཅུས་མི་དམངས་ཉེན་རྟོག་པའི་སྦྱོང་བརྡར་རྟེན་གཞིར་གཉེར་ཞིང་། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཐད་གཏོགས་ཚན་པ་ཁག་དང་རྫོང(ཆུས)ཁག་གི་སྤྱི་བདེ་ཅུས་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་སྒོའི་རྐང་འཛིན་པ་80ལྷག་ཙམ་དེའི་ནང་ཞུགས་ཡོད་པ་རེད།
ཐེངས་འདིའི་གསོ་སྦྱོང་གི་དུས་ཡུན་ཉིན་5ཡིན་ཞིང་། གསོ་སྦྱོང་བྱེད་རིང་ཁྲེང་ཏུའུ་གྲོང་ཁྱེར་སྤྱི་བདེ་ཅུས་དང་། བོད་ལྗོངས་ཉིན་རེའི་ཚགས་པར། བོད་ལྗོངས་ཉེན་རྟོག་དཔོན་མཐོ་རིམ་ཆེད་ཚན་སློབ་གྲྭ་སོགས་ཚན་པའི་རིགས་གཅིག་མཁས་ཅན་ཆེད་མངགས་གདན་དྲངས་ནས་སློབ་ཁྲིད་བྱས་པ་དང་། སློབ་ཚན་ནང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་། གསར་འགྱུར་རྩོམ་འབྲིའི་ཐབས་རྩལ། སྨྱན་སྦྱོར་མཉམ་འདྲེས་ཐོན་རྫས་ཇུས་འགོད་དང་བཟོ་སྐྲུན་སོགས་ཀྱི་ནང་དོན་ཚུད་ཡོད་པ་རེད། སློབ་ཁྲིད་ཀྱི་ནང་དོན་དཔེ་གསར་དང་། དཔེ་ཞིབ་ཅིང་ཕྲ་བ། རིགས་པའི་གཞུང་ལུགས་ཀྱི་འགྲེལ་བཤད་གཏིང་ཟབ་ཡོད་ལ། ཉམས་མྱོང་ཀྱང་ལྷག་བསམ་ཟོལ་མེད་ངང་མཉམ་སྤྱོད་བྱས་པས་སྦྱོང་བརྡར་ནང་ཞུགས་མཁན་ཚོར་གྲུབ་འབྲས་མི་དམན་པ་ཞིག་ཐོབ་ཡོད། གྲོང་ཁྱེར་སྤྱི་བདེ་ཅུས་སྣེའུ་ཁུལ་གསར་ཡན་ལག་ཅུས་ལྟ་ཞིབ་ཁང་གི་རིམ་པ་བཞི་པའི་ཉེན་རྟོག་དཔོན་ཁྲེང་ཀུའོ་ཡིས་ང་ཚོས་སྤྲོ་སེམས་དང་གཟབ་ནན་གྱི་རྣམ་འགྱུར་ཐོག་ནས་སློབ་སྦྱོང་ནང་ཞུགས་ཏེ། གསར་འགྱུར་དྲིལ་བསྒྲགས་ཀྱི་གཞི་རྩའི་རིཊ་པའི་གཞུང་ལུགས་ལ་སློབ་སྦྱོང་བྱ་རྒྱུ་མ་ཟད། སྨྱན་སྦྱོར་གསར་པའི་ཁོར་ཡུག་འོག་གི་བསམ་བློ་གསར་པ་དང་བྱ་ཐབས་གསར་པ་ཡང་ཁོང་དུ་ཆུད་པར་བྱས་ཏེ། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་དམ་ཟབ་བྱས་ནས་རང་ཉིད་ཀྱི་ཆེད་ལས་ཀྱི་བྱང་ཚད་དང་ཕྱོགས་བསྡུས་ཀྱི་ནུས་པ་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད།
ཐེངས་འདིའི་གསོ་སྦྱོང་ནི་དོགས་གཞི་བསལ་བའི་གསོ་སྦྱོང་ཞིག་ཡིན་པས། རང་གྲོང་གི་སྤྱི་བདེ་ལས་ཁུངས་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་སྒོའི་རྐང་འཛིན་པའི་བསམ་ཕྱོགས་རྒྱ་ཆེར་བཏང་བ་དང་། ནུས་པ་དང་ཆུ་ཚད་མཐོ་རུ་ཕྱིན་པ། དུས་མཚུངས་སུ་ལས་ཀའི་སྤྲོ་སེམས་ཀྱང་འཕེལ་བར་བྱས་ཡོད། ཚང་མས་སླད་ཕྱིན་གྱི་ལས་ཀའི་ཁྲོད། སྦྱངས་པའི་ཤེས་བྱ་དང་རྩལ་ནུས་དེ་ལས་དོན་དངོས་ནང་བེད་སྤྱོད་བྱས་ཏེ། གསར་འགྱུར་དྲིལ་བསྒྲགས་ཀྱི་འཇུག་སྒོ་དང་ཤུགས་རྒྱག་ས་ཁོང་དུ་ཆུད་པ་དང་། དྲང་སྲུང་གསར་གཏོད་མཐའ་འཁྱོངས་དང་། འགན་འཁྲི་གཙོ་བོར་དམིགས་པ། སྤྱི་བདེའི་སྐད་སྒྲ་བརྒྱུད་བསྒྲགས་ཡག་པོ། ཉེན་རྟོག་པའི་གཏམ་རྒྱུད་ཡག་པོ་བཤད་པ། དྲིལ་བསྒྲགས་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བཅས་བྱས་ནས་སྤྱི་བདེའི་དྲིལ་བསྒྲགས་ལས་དོན་གྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།
གྲོང་ཁྱེར་སྤྱི་བདེ་ཅུས་སྟོད་ལུང་བདེ་ཆེན་ཡན་ལག་ཅུས་ལྟ་ཞིབ་ཁང་གི་རིམ་པ་བཞི་པའི་ཉེན་རྟོག་པ་ཁྲེན་ཡུས་རུང་གིས་ང་ཚོས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་འགན་འཁྲི་དང་ལས་འགན་ཡིད་ལ་བརྟན་པོར་བཅངས་ནས། གསར་འགྱུར་དྲིལ་བསྒྲགས་ཀྱི་ལས་དོན་ནང་ཧུར་ཐག་ཞུགས་པ་དང་། གཞི་རིམ་དང་མང་ཚོགས་ལ་ཉེ་བཅར་བྱས་ཏེ། བརྩེ་བ་ཡོད་པ་དང་། གཏིང་ཟབ་པ། ཤུགས་ཆེ་བ་བཅས་ཀྱི་གསར་འགྱུར་བརྩམས་ཆོས་སྔོག་འདོན་བྱས་ནས་སྤྱི་བདེའི་གསར་འགྱུར་དྲིལ་བསྒྲགས་ཀྱི་ལས་དོན་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社