分享按钮

སྣེའུ་ཁུལ་གསར་སློབ་ཆུང་གཉིས་པའི་འཛུགས་སྐྲུན་རྣམ་གྲངས་སྔོན་དཔག་བྱས་ན་ཟླ་12པའི་ནང་ལས་འཇུག་འགྲིལ་རྒྱུ་ཡིན་པ།

(པར་ངོས་དང་པོར་མཐུད)འཛུགས་སྐྲུན་བྱ་ཡུལ་དུ་གོ་རིམ་ལྡན་ལ་ཚ་ཚ་འུར་འུར་གྱིས་ལས་ཀ་བྱེད་བཞིན་པའི་རྣམ་པ་ཞིག་མངོན་རྒྱུ་ཡོད།

རྣམ་གྲངས་ཀྱི་ཅིང་ལི་ལི་ཆིའུ་ཕིང་གིས། ཕྱོགས་བསྡུས་སློབ་ཁྲིད་ཐོག་བརྩེགས་ཁང་ཆེན་གྱི་ཁང་པ་མཛེས་བཟོ་བརྒྱ་ཆ་60དང་། ཟ་ཁང་མཛེས་བཟོ་བརྒྱ་ཆ་50 དགེ་རྒན་དང་ལས་བཟོ་བའི་འཁོར་རྒྱུག་ཁང་པ་མཛེས་བཟོ་བརྒྱ་ཆ་70 བུ་དང་བུ་མོའི་ཉལ་ཁང་མཛེས་བཟོ་བརྒྱ་ཆ་70བཅས་ལེགས་གྲུབ་ཟིན་པ་དང་། ཟླ་9པའི་ཟླ་དཀྱིལ་དང་ཟླ་སྨད་དུ་ཨར་ལས་ལས་འགན་ལེགས་གྲུབ་ཟིན་རྒྱུ་རེད། ཁང་པའི་ཕྱི་རོལ་གྱི་སྤྱིའི་སྔོ་འགྱུར་ཟླ་འདིར་ལེགས་གྲུབ་ཟིན་པར་བྱ་རྒྱུ་ཡིན་ཞེས་བཤད།

རྣམ་གྲངས་དེའི་སྤྱིའི་ས་སྤྱོད་རྒྱ་ཁྱོན་ལ་མུའུ་52.61ཡིན་པའི་ནང་ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་དང་། ཟ་ཁང་། དགེ་རྒན་གྱི་འཁོར་རྒྱུག་ཁང་པ། བུ་དང་བུ་མོའི་སློབ་མའི་ཉལ་ཁང་སོགས་ཚུད་ཡོད་པར་མ་ཟད། ཚད་ལྡན་གྱི་མཆོང་རྒྱུག་འཕེན་གསུམ་ར་བ་སོགས་ཀྱི་སྒྲིག་བཀོད་ལེ་ལག་ཚང་བ་བསྐྲུན་ཡོད། ལས་གཞི་དེ་2023ལོའི་ཟླ་9པར་ལས་འགོ་བཙུགས་པ་དང་འདི་ལོའི་ཟླ་5པར་གྲུབ་ཆ་གཙོ་བོ་ཞིབ་བཤེར་རྩིས་ལེན་ལེགས་གྲུབ་ཟིན་ཡོད་པ་རེད། མིག་སྔའི་མྱུར་ཚད་གཞིར་བཟུང་ཨར་ལས་ཕྱོགས་ཀྱིས་ཟླ་བ་གསུམ་གྱི་སྔ་སྣུར་དུ་ལས་གྲྭ་ལས་མཇུག་འགྲིལ་ཐུབ་པར་བྱས་ནས་ཞིབ་བཤེར་རྩིས་ལེན་ལེགས་འགྲུབ་བྱ་རྒྱུ་ཡིན་པ་རེད།

སྣེའུ་ཁུལ་གསར་སློབ་ཆུང་གཉིས་པར་ཆོག་མཆན་ཐོབ་པ་ལྟར་སློབ་མ་1350བསྡུ་རྒྱུ་དང་སློབ་ཁྲིད་འཛིན་གྲྭ་30འཛུགས་རྒྱུ་ཡིན་ཞིང་།སྔོན་དཔག་བྱས་ན་2025ལོའི་ཟླ་8པར་སློབ་མ་བསྡུ་འགོ་ཚུགས་རྒྱུ་དང་བསྐྲུན་རྗེས་མཐའ་འཁོར་གྱི་སློབ་མའི་སློབ་ཞུགས་དཀའ་བའི་གནད་དོན་ཞི་ལྷོད་དུ་གཏོང་རྒྱུ་རེད་ཅེས་སྣེའུ་ཁུལ་གསར་དོ་དམ་ཨུ་ལྷན་སྤྱི་ཚོགས་བྱ་གཞག་ཅུས་ཀྱི་རྣམ་གྲངས་ཀྱི་འཐུས་མི་པ་སངས་ཀྱིས་བཤད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-21 6 6 拉萨日报藏文 c186536.html 1 སྣེའུ་ཁུལ་གསར་སློབ་ཆུང་གཉིས་པའི་འཛུགས་སྐྲུན་རྣམ་གྲངས་སྔོན་དཔག་བྱས་ན་ཟླ་12པའི་ནང་ལས་འཇུག་འགྲིལ་རྒྱུ་ཡིན་པ། /enpproperty-->