(པར་ངོས་དང་པོར་མཐུད)ད་དུང་འཁྱགས་རོམ་གྱི་འགྱུར་ལྡོག་གི་ཨེ་ཤ་ཡའི་ཆུ་མཛོད་འགྱུར་ལྡོག་ལ་ཐོན་པའི་ནུས་པ་དང་ཆུའི་ཐོན་ཁུངས་ཀྱི་འགྱུར་ལྡོག་ལ་བཞག་པའི་བྱས་རྗེས་དང་། ལོ་མང་འཁྱགས་སའི་ཐཱན་གསོག་ཚད་དང་འབྱུང་ཁམས་མ་ལག་གི་འགྱུར་ལྡོག་ཁྲོད་ཀྱི་ཐཱན་གྱི་ལེགས་སྒྲིག འཁྱགས་འགྲམ་རྩི་ཤིང་གིས་གནམ་གཤིས་དང་འཁྱགས་རོམ་གྱི་འགྱུར་ལྡོག་ལ་དང་ལེན་བྱེད་པའི་ཆོས་ཉིད་དང་། ས་མཐོའི་མི་ཚོགས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་བ་དང་འཚམ་པའི་ལུས་ཁམས་ཀྱི་ཁྱད་ཆོས། དཀོན་པའི་ལྕགས་རིགས་ཐོན་ཁུངས་ཀྱི་ད་ལྟའི་གནས་ཚུལ་དང་རྒྱང་རིང་གི་དམིགས་ཡུལ། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་མ་ལག་འཛུགས་སྐྲུན་དང་སྐྱེ་ཁམས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་ཚན་རིག་དང་མཐུན་པའི་ཐབས་ལམ་སོགས་ཞིབ་འཇུག་གི་ཁྱབ་ཁོངས་ནང་དུ་ཚུད་ཡོད་པ་རེད།
འཁྱགས་རོམ་གཅིག་དང་མཚེའུ་གཉིས། གཙང་པོ་གསུམ་གྱི་མཚོན་རྟགས་རང་བཞིན་གྱི་ཚན་ཞིབ་བྱེད་སྒོ་གལ་ཆེན་དེ་རྒྱལ་ཁབ་ཕྱི་ནང་གི་ཡོན་ཧྲི་10ཡིས་སྣེ་ཁྲིད་པ་དང་།ཚན་ཞིབ་ཡན་ལག་རུ་ཁག་6དང་།ཚན་ཞིབ་ཚོགས་ཆུང་15ཡི་ཚན་ཞིབ་རུ་མི་400ལྷག་ཙམ་ཞུགས་ཡོད་པ་རེད།
འཁྱགས་རོམ་གཅིག་དང་མཚེའུ་གཉིས། གཙང་པོ་གསུམ་གྱི་ས་ཁུལ་ནི་ཨེ་ཤེ་ཡའི་ཆུ་མཛོད་ཀྱི་འགག་རྩའི་ལྟེ་བའི་ཁུལ་ཞིག་ཡིན་པ་དང་།གནམ་གཤིས་ཀྱི་ཁོར་ཡུག་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བ་དང་འབྱུང་ཁམས་མ་ལག་ཧ་ཅང་ཉམས་ཞན་ཡིན་པ་དང་།དུས་མཚུངས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགག་རྩའི་ལྟེ་བའི་ཁུལ་ཞིག་ཀྱང་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཚན་རིག་ཞིབ་འཇུག་གི་བྱེད་སྒོ་ནི་མཚོ་བོད་ས་མཐོར་ཚན་རིག་ཞིབ་འཇུག་བྱེད་ཐེངས་གཉིས་པ་ཡིན་པ་དང་།དེ་ནི་ཇོ་མོ་གླང་མ་དང་། ཇོ་བོ་དབུ་ཡ། ཤི་ཤ་སྦང་མ་རི་བོ་སོགས་ཀྱི་དབུ་རྩེའི་ལས་འགན་ཞེས་པའི་རྒྱ་མཚོའི་ངོས་ལས་མཐོ་ཚད་ཧ་ཅང་མཐོ་བའི་ཕྱོགས་བསྡུས་ཚན་རིག་ཞིབ་འཇུག་གི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྗེས་ཀྱི་མཚོན་རྟགས་རང་བཞིན་གྱི་ཚན་རིག་ཞིབ་འཇུག་གི་བྱེད་སྒོ་གལ་ཆེན་ཞིག་ཡིན་པ་རེད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社