(པར་ངོས་དང་པོར་མཐུད)ཆུ་ཁུངས་གསོ་སྐྱོང་དང་། ས་རྒྱུ་རྒྱུན་འཁྱོངས། རླུང་འགོག་བྱེ་འཇགས་བཅས་ཀྱི་ཞབས་ཞུའི་ནུས་པ་ཁག་སོ་སོར་བརྒྱ་ཆ་1དང་། བརྒྱ་ཆ་2 བརྒྱ་ཆ་70བཅས་མཐོ་རུ་ཕྱིན་པ་དང་། སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པ་རིམ་བཞིན་མཐོ་རུ་ཕྱིན་ཡོད། དུས་མཚུངས་སུ་མཚོ་བོད་ས་མཐོའི་ལོ་རེའི་ཐཱན་གྱི་ཁེ་ལྷག་ཏུན་ཁྲི་6500ལས་བརྒལ་བ་དེས་རྒྱལ་ཡོངས་སུ་ཐཱན་ཚད་སྙོམས་སྦྱོར་ཡོང་ཆེད་ལེགས་སྐྱེས་ཕུལ་ཡོད།
མཚོ་བོད་ས་མཐོ་རིམ་བཞིན་སྔོ་ལྗང་ཅན་དུ་གྱུར་བ་དང་སྦྲགས། གནམ་གཤིས་དྲོ་རུ་དང་བཞའ་ཚན་ཆེ་རུ་ཕྱིན་པའི་དབང་གིས་ཨེ་ཤ་ཡའི་ཆུ་མཛོད་དོ་སྙོམས་མེད་པར་གྱུར་ནས་མི་མངོན་པའི་སེམས་ཁྲལ་ཁག་གཅིག་བྱུང་ཡོད། ཚན་རིག་ཞིབ་འཇུག་པས་ཤེས་རྟོགས་བྱས་པར་གཞིགས་ན། ཨེ་ཤ་ཡའི་ཆུ་མཛོད་སྔོན་དཔག་བྱས་ན་དུས་རབས་འདིའི་ནང་དྲོ་ཞིང་བཞའ་ཚན་ཆེ་བའི་དུས་མཚམས་སུ་སླེབས་རྒྱུ་དང་།དུས་རབས་འདིའི་དུས་མཇུག་ཏུ་ས་ཁུལ་ཁག་གཅིག་གི་འཁྱགས་ཀླུང་དངོས་པོའི་གྱོང་གུན་ཕྱེད་ཀ་ལས་བརྒལ་རྒྱུ།མཚེའུ་ཡི་ཆུ་ངོས་འཕར་ཚད་སྨི་10ལས་བརྒལ་རྒྱུ་ཡིན་པ་རེད། ཨེ་ཤ་ཡའི་ཆུ་མཛོད་སྤྱི་ཡོངས་ཀྱི་ཆུ་མཁོ་འདོན་བྱེད་པའི་ནུས་པ་ཆེ་རུ་ཕྱིན་ནས་དེ་བས་ནུས་ལྡན་གྱི་ཆུའི་ཐོན་ཁུངས་དོ་དམ་གྱི་བྱ་ཐབས་ལག་བསྟར་བྱེད་དགོས་ཀྱི་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ལོ་བདུན་རིང་། ཚན་རིག་ཞིབ་འཇུག་པས་སྐྱེ་དངོས་རིགས་གསར་པ་3000ལྷག་ཙམ་གསར་རྙེད་བྱུང་བ་དང་། སྟོངས་ཟིན་པའམ་ཡང་ན་ལོ་མང་རིང་མཐོང་མ་མྱོང་བའི་སྐྱེ་དངོས་རིགས་ཁག་གཅིག་བསྐྱར་དུ་གསར་རྙེད་བྱུང་བ་རེད། ཚན་རིག་ཞིབ་འཇུག་པས་ད་དུང་མཚོ་བོད་ས་མཐོའི་མིའི་རིགས་ཀྱི་བྱ་འགུལ་དེ་ལོ་ངོ་ཁྲི་19ཡི་སྔོན་ནས་བྱུང་བ་དེས་མིའི་རིགས་ཀྱི་བྱ་འགུལ་མཚོ་བོད་ས་མཐོར་འཚམ་པར་དཔང་རྟགས་གསར་པ་མཁོ་འདོན་བྱས་ཡོད་པ་རེད།
2017ལོར་མཚོ་བོད་ས་མཐོར་ཚན་རིག་ཞིབ་འཇུག་ཐེངས་གཉིས་པ་སྤེལ་འགོ་ཚུགས་པ་ནས་བཟུང་།ཨེ་ཤེ་ཡའི་ཆུ་མཛོད་ལ་འགྱུར་ལྡོག་བྱུང་བ་དང་ཤུགས་རྐྱེན་ཐེབས་པ་སོགས་ཀྱི་ཞིབ་འཇུག་བྱ་གཞིར་དམིགས་ནས་མཚོ་བོད་ས་མཐོར་ཁྱབ་པའི་ས་ཁོངས་ཡོངས་ཀྱི་ཚན་རིག་རྟོག་ཞིབ་མུ་མཐུད་སྤེལ་བ་དེས་མཚོ་བོད་ས་མཐོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད། གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་བཅས་གཏོང་བར་ཤུགས་རྐྱེན་གལ་ཆེན་ཐེབས་རྒྱུ་རེད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社