分享按钮

ཡན་ཅིན་ཧའེ་ཡིས་ལོ་རྒྱུས་རིག་གནས་ཀྱི་གྲཊ་ཅན་གྲོང་ཁྱེར་ལ་སྲུང་སྐྱོང་ཡག་པོ་བྱས་ནས་རིག་གནས་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ།

(པར་ངོས་དང་པོར་མཐུད)བར་སྐོར་ཁྲོམ་གཞུང་དུ་ཡུལ་སྐོར་བ་མང་བ་དང་།སྒྲིག་ལམ་གོ་རིམ་ལྡན་པ།ཞི་མཐུན་དར་རྒྱས་ཀྱི་རྣམ་པ་ཞིག་མངོན་བཞིན་ཡོད།ཡན་ཅིན་ཧའེ་ཕེབས་གིན་དུ་གཟིགས་ཞིབ་གནང་བ་དང་།དུས་ངེས་མེད་དུ་ཡུལ་སྐོར་བ་དང་མང་ཚོགས་ལ་སེམས་རྩ་འཁོལ་བའི་ངང་འཚམས་འདྲི་གནང་བ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བར་མ་ཟད།ཚོང་ཁང་མང་པོར་ཕེབས་ཏེ་ཚོང་ཟོག་ལ་གཟིགས་པ་དང་།རིན་གོང་བཀའ་འདྲི་གནང་བ།ཡོང་འབབ་ཐད་བཀའ་མོལ་གནང་ཡོད།ཡན་ཅིན་ཧའེ་ཡིས་ཚོང་པར་ཁ་དན་ཚིག་གནས་ཀྱིས་གཉེར་སྐྱོང་བྱེད་པ་དང་།འཛད་སྤྱོད་ཀྱི་ཁོར་ཡུག་བཟང་པོ་སྤྱད་དེ་ཡུལ་སྐོར་བས་དེ་བས་བློ་བདེའི་ངང་འཛད་སྤྱོད་བྱེད་པ་དང་ཉམས་ལེན་བྱེད་སྐབས་དེ་བས་བློ་བདེ་ཡོང་བར་བྱེད་དགོས་པའི་བཀའ་མངཊ་གནང་བ་རེད།ཁོང་གིས་ཁྲིམས་ལྟར་ཡུལ་སྐོར་ཁྲོམ་རའི་དོ་དམ་ཚད་ལྡན་དུ་གཏོང་བ་དང་།ཡུལ་སྐོར་གྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ།ཡུལ་སྐོར་བར་སྣེ་ལེན་དོ་དམ་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས་རང་ལྗོངས་ཀྱི་ཡུལ་སྐོར་སྤུས་རྟགས་ཀྱི་གཟུགས་བརྙན་བཟང་པོར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱེད་དགོས།རང་འགུལ་ངང་ཁྲོམ་ར་དང་སྦྲེལ་མཐུད་བྱེད་པ་དང་།ས་ཁོངས་ཀྱི་ཁྱད་ཆོས་དང་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱེད་པ།ཟུར་སྣོན་གྱི་རིན་ཐང་མཐོ་བའི་རིག་གནས་གསར་གཏོད་ཐོན་རྫས་སྔར་ལས་མང་བ་གསར་སྤེལ་བྱེད་པ།སྤུས་ལེགས་འཛད་སྤྱོད་མཁོ་སྤྲོད་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ།རིག་གནས་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་ཁྲིད་ནུས་ལྡན་བྱེད་པ་བཅས་ཀྱི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྒུལ་ཤུགས་བསྣན་པ་དང་གསོན་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

ཡུལ་སྐོར་བ་དང་མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་ཆེད།ལྷ་ས་གྲོང་ཁྱེར་གྱིས་ཏང་དང་མང་ཚོགས་ཞབས་ཞུའི་ས་ཚིགས་Vདང་སྡེ་ཁུལ་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་སྦྲེལ་མཐུད་དམ་ཚགས་བྱས་ཏེ་སྨན་རྫས་དང་།གསོ་རླུང་།ཆུ་ཚ་པོ་སོགས་ཀྱི་སེམས་རྩ་འཁོལ་བའི་ཞབས་ཞུ་རིན་མེད་ངང་བསྒྲུབ་དགོས།ཡན་ཅིན་ཧའེ་བར་སྐོར་སྡེ་ཁུལ་ཏང་དང་མང་ཚོགས་ཞབས་ཞུའི་ས་ཚིགས་Vལ་ཕེབས་སྐབས་ངལ་གསོ་བཞིན་པའི་ཡུལ་སྐོར་བ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་དང་།ཡུལ་སྐོར་བས་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་ཧ་ཅང་སྙིང་ཉེ་ལ་ཚོར་སྣང་ཡང་ཧ་ཅང་ཡག་པོ་སྤྲད་བྱུང་ཞེས་བཤད།ཡན་ཅིན་ཧའེ་ཡིས་ཁྱེད་ཚོའི་བློ་མགུ་པོ་བྱུང་བ་ནི་ང་ཚོའི་ལས་དོན་ལ་ཁས་ལེན་ཆེ་ཤོས་བྱས་པ་ཞིག་རེད།ང་ཚོས་ངེས་པར་དུ་མུ་མཐུད་འབད་བརྩོན་བྱས་ནས་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ་ཚང་མར་དེ་བས་སྤུས་ལེགས་དང་།ནུས་ཆེ།སྙིང་ཉེ་བ་བཅས་ཀྱི་ཞབས་ཞུ་བསྒྲུབས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་དང་མང་ཚོགས་སེམས་པ་མཐུན་པ་དང་དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་རྒྱུ་ལག་ལེན་བསྟར་དུ་རྒྱུ་ཡིན་ཞེས་གསུངས་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-20 6 6 拉萨日报藏文 c186446.html 1 ཡན་ཅིན་ཧའེ་ཡིས་ལོ་རྒྱུས་རིག་གནས་ཀྱི་གྲཊ་ཅན་གྲོང་ཁྱེར་ལ་སྲུང་སྐྱོང་ཡག་པོ་བྱས་ནས་རིག་གནས་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ། /enpproperty-->