分享按钮

ཉུང་མའི་ཐོན་འབབ་བཟང་བ།

ཉེ་བའི་ལོ་ཤས་རིང་། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡིས་ཀྲུང་གོ་ཚན་རིག་ཁང་ཁུན་མིང་རྩི་ཤིང་ཞིབ་འཇུག་སུའོ་སོགས་འབྲེལ་ཡོད་ཚན་པ་དང་མཉམ་འབྲེལ་བྱས་ཏེ།བོད་ཀྱི་ཐུན་མོང་མ་ཡིན་པའི་ཁོར་ཡུག་དང་འཚམ་པའི་སྤུས་ལེགས་ཀྱི་ཉུང་མའི་སྣ་ཁ་གསར་པ་འདེབས་འཛུགས་བྱ་རྒྱུར་གཞོལ་བ་དང་།བོད་ཀྱི་ས་བབ་མཐོ་བའི་ཆ་རྐྱེན་ལ་དམིགས་པའི་ཉུང་མ་འདེབས་འཛུགས་ལག་རྩལ་གསར་གཏོད་དང་ཞིབ་འཇུག་གསར་སྤེལ་བྱས་ཡོད་ཅིང་། ལྷ་ས་དང་། ནག་ཆུ། གཞིས་ཀ་རྩེ། མངའ་རིས་བཅས་ས་ཁུལ་དུ་མུའུ་རེའི་ཐོན་ཚད་སྤྱི་རྒྱ་5000ཡན་ཟིན་ཡོད། ཞིབ་འཇུག་གྲུབ་འབྲས་ཀྱིས་ས་གནས་འདི་གའི་ཞིང་ལས་ཐོན་སྐྱེད་དང་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད་པ་རེད། པར་འདི་ནི་ཟླ་8ཚེས་14ཉིན། ཞིང་ནང་དུ་ལག་ཏུ་ཉུང་མའི་སྣ་ཁ་གསར་པ་འཁྱེར་བའི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་ཚལ་སྣེ་གྲོང་ཚོའི་ཡུལ་མི་ཡིན་པ། (ཤིན་ཧྭ་གསར་འགྱུར་ཁང་ནས་འབྱོར་བའི་གནས་ཚུལ) (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-20 6 6 拉萨日报藏文 c186440.html 1 ཉུང་མའི་ཐོན་འབབ་བཟང་བ། /enpproperty-->