བོད་ལྗོངས་ཉིན་རེའི་ཚཊ་པར་ཁང་ནས་གནས་ཚུལ་འབྱོར་གསལ།ཚེས་15ཉིན།ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་སའི་གནའ་གྲོང་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ཐད་ཡུལ་དངོས་སུ་བརྟག་ཞིབ་གནང་བ་རེད།ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་།རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་།ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་སྲུང་སྐྱོང་ཡག་པོ་བྱས་ཏེ་རིག་གནས་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་པོའི་ངང་ཡུན་རིང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ་རེད།
ཤའོ་ཡིའུ་ཚའེ་དང་ལྕགས་རྭ་བློ་བཟང་བསྟན་འཛིན་བརྟག་ཞིབ་ནང་ལྷན་དུ་ཞུགས་པ་རེད།
ཡན་ཅིན་ཧའེ་ཡིས་བོན་ཤོད་སྒོ་ར་ཆེན་མོ་དང་། དགའ་གླིང་ཤག་སྒོ་ར།ཞི་བདེ་དགོན་སྒོ་ར་ཆེན་མོ། བར་སྐོར་རུང་ཁང་སྒོ་ར་ཆེན་མོ།བླ་བྲང་རྙིང་པ་སྒོ་ར་ཆེན་མོ།ཚེ་སྨོན་གླིང་དགོན་པ་བཅས་སུ་གནའ་བོའི་སྒོ་ར་ཆེན་མོ་སྲུང་སྐྱོང་དང་ཁྲོམ་གཞུང་རྒྱུད་ཀྱི་བཟོ་སྐྲུན་ཉམས་འགྱུར་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་རེད།ཁོང་གིས་སྤྱི་ཁྱབ་ཧྲུའ་ཅི་ཞིན་ཅིན་ཕིང་གིས་རིག་གནས་ཀྱི་རྩ་བ་དང་མི་རིགས་ཀྱི་བླ་སྲོག་སྲུང་བའི་མཐོ་ཚད་ཐོག་ནས་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ཐད་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་བས།ང་ཚོས་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།སྲུང་སྐྱོང་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་།ལོ་རྒྱུས་ཀྱི་སྲོལ་རྒྱུན་ལ་བརྩི་འཇོག་བྱེད་པ།རྙིང་བཟོའི་རྩ་དོན་གཞིར་བཟུང་།རྒྱུ་ཆ་གསར་པ་དང་ལག་རྩལ་གསར་པ་བེད་སྤྱོད་བྱེད་ཤུཊ་ཆེ་རུ་གཏོང་བ་དང་།ཕར་ཆེན་རྒྱག་པ་ལྟ་བུའི་ནུས་པ་ཡག་པོ་བཏོན་ནས་ཉམས་གསོ་སྲུང་སྐྱོང་བྱེད་པའི་བརྒྱུད་རིམ་ནང་སྔར་ཡོད་ཀྱི་རྣམ་པ་སོར་བཞག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་སྐུལ་འདེད་གཏོང་བ་དང་།རིགས་དབྱེའི་ཐབས་ཇུས་ལག་བསྟར་མཐའ་འཁྱོངས་བྱེད་པ།རིག་གནས་སྔོག་འདོན་དང་ལས་རིགས་རྣམ་པའི་ནང་འཇུག་སོགས་ལ་བརྟེན་ནས་ནང་དོན་མང་དུ་བཏང་ནས་གནའ་བོའི་སྒོ་ར་ཆེན་མོ་འཁྲུག་ཏུ་གཏོང་བ་དང་།དུས་རབས་གསར་པར་གསོན་ཤུཊ་གསར་པ་འཕེལ་བ་དང་གཟི་བརྗིད་གསར་པ་རབ་ཏུ་གཏོད་ཐུབ་པར་བྱེད་དགོས།མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་དང་།མང་ཚོགས་ཀྱི་འདོད་འདུན་ལ་བརྩི་འཇོག་གང་ལེཊ་དང་།མང་ཚོགས་ཀྱི་དགོས་མཁོ་དང་བསྟུན་པ།མང་ཚོཊ་ཀྱི་ལས་དོན་གཏིང་ཟབ་དང་། དོན་གཉེར།ཞིབ་ཚགས་བཅས་བྱེད་པ། མང་ཚོཊ་ཀྱི་ཧུར་བརྩོན་རང་བཞིན་དང་།རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱེད་པ།གྲོང་མིའི་འཚོ་བའི་ཆ་རྐྱེན་ལེཊ་བཅོས་དང་གྲོང་ཁྱེར་གྱི་སྤུས་ཚད་དང་གནས་ཚད་གོང་མཐོར་གཏོང་བ་བཅས་ཀྱི་སྒོ་ནས་མཉམ་སྐྲུན་མཉམ་སྤྱོད་དངོས་སུ་མངོན་འགྱུར་ཡོང་བར་བྱེད་དགོས།དྲིལ་བསྒྲགས་ཁྲིད་སྟོན་ལ་མཐོང་ཆེན་བྱེད་པ་དང་།འབྲེལ་ཡོད་བརྙན་པར་གྱི་དཔྱད་གཞིའི་ཡིག་རིགས་འཚོལ་བསྡུ་དང་ཉར་ཚགས་ཡག་པོ་བྱས་ནས་འགྱུར་ལྡོག་གསར་རྙིང་གསོན་ཉམས་དོད་པོས་མངོན་པར་བྱས་ཏེ་མི་རིགས་ཁག་གི་མང་ཚོཊ་ཏང་གི་བཀའ་ལ་ཉན་པ་དང་།ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་ཁྲིད་སྟོན་བྱས་ནས་སྔར་བས་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社