ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་17ཉིན་གློག་འཕྲིན་འབྱོར་གསལ། 《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ནང་།“ལས་སྟེགས་དཔལ་འབྱོར་གྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ལས་སྟེགས་དཔལ་འབྱོར་གྱི་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས”ཞེས་བཏོན་ཡོད། འདི་ནི་རང་རྒྱལ་གྱི་ལས་སྟེགས་དཔལ་འབྱོར་གྱི་འཕེལ་རྒྱས་དང་ལྟ་སྐུལ་དོ་དམ་ཐད་བཏོན་པའི་བླང་བྱ་གལ་ཆེན་ཞིག་ཡིན་པས། གཤམ་གསལ་གྱི་ཕྱོགས་འགའི་ཐད་ནས་གོ་བ་ལེན་ཆོག་པ་སྟེ།
དང་པོ། ལས་སྟེགས་དཔལ་འབྱོར་གྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་གལ་ཆེན་ཞིག་ཡིན་པས། སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ལས་སྟེགས་དཔལ་འབྱོར་ནི་དྲ་སྦྲེལ་གྱིས་ལས་སྟེགས་ལ་ཐོན་སྐྱེད་དང་འཚོ་བའི་ཞབས་ཞུ་སྣ་ཚོགས་མཁོ་འདོན་བྱེད་པའི་དཔལ་འབྱོར་བྱེད་སྒོའི་སྤྱི་མིང་ཞིག་ཡིན། ལས་སྟེགས་དཔལ་འབྱོར་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་རྣམ་པ་གསར་པ། ཐོན་སྐྱེད་ནུས་ཤུགས་གསར་པའི་མཚོན་བྱེད་དང་གཞི་རྟེན་གལ་ཆེན་ཞིག་ཡིན་པས། དགོས་མཁོ་ཆེ་རུ་གཏོང་བར་བར་སྟོང་གསར་པ་དང་། གསར་གཏོད་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་མཁོ་འདོན་བྱས་ཡོད། དེ་བཞིན། ལས་ཞུགས་ལས་གཏོད་ལ་ཐབས་ལམ་གསར་པ་མཁོ་འདོན་བྱས་ཡོད་ལ། སྤྱི་པའི་ཞབས་ཞུ་ལ་འདེགས་སྐྱོར་གསར་པ་ཡང་མཁོ་འདོན་བྱས་ཡོད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ལས་སྟེགས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་ཀྱི་གནས་བབ་དང་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ལས་སྟེགས་དཔལ་འབྱོར་གྱིས་སྟབས་བསྟུན་ལས་ཞུགས་མི་སྣ་དུང་ཕྱུར་2ལྷག་ཙམ་བསྡུས་ཤིང་། 2023ལོའི་ཟླ་6པའི་ཟླ་མཇུག་བར་ཁྲོམ་རའི་རིན་ཐང་ཨ་སྒོར་དུང་ཕྱུར་10ལས་བརྒལ་བ་དང་། ཨ་སྒོར་དུང་ཕྱུར་100ལས་བརྒལ་བའི་ལས་སྟེགས་དང་ཁེ་ལས་148དང་26སོ་སོར་ཡོད་ཅིང་། ཁྲོམ་རའི་རིན་ཐང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་ཁྲི་1.93ཟིན་ཡོད། ལྷག་པར་དུ་ལས་སྟེགས་དཔལ་འབྱོར་གྱིས་སྔར་བྱུང་མྱོང་མེད་པའི་གསར་གཏོད་འབྱུང་ཁམས་གསར་རྐྱང་བཏོད་པ་དང་། གསར་གཏོད་ཐོན་ཁུངས་འབོར་ཆེན་གཅིག་སྡུད་བྱས་ནས་རྩེར་སོན་ལག་རྩལ་གྱི་འབྱུང་ཁུངས་དང་ཚོད་ལྟ་བྱ་ཡུལ་དུ་གྱུར་ཡོད། དེ་བས་མིས་བཟོས་རིག་ནུས་སོགས་རྩེར་སོན་ལག་རྩལ་འཕོ་འགྱུར་ལ་སྐུལ་འདེད་གཏོང་བའི་འགག་རྩའི་སྟོབས་ཤུགས་སུ་གྱུར་ཡོད།
གཉིས་པ། ལས་སྟེགས་དཔལ་འབྱོར་གྱི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ནས་ལས་སྟེགས་དཔལ་འབྱོར་གྱི་བཅོས་སྐྱོང་ལས་དོན་འཐུས་ཚང་དུ་གཏོང་རྒྱུ་ནི་ཧ་ཅང་ཁ་ཚ་དགོས་གཏུགས་ཤིག་ཡིན། ལས་སྟེགས་དཔལ་འབྱོར་གྱིས་གཞི་ཁྱོན་ཆེ་བའི་ཕན་འབྲས་དང་། དྲ་རྒྱའི་ཕན་འབྲས། དེ་བཞིན་ཁྱབ་ཁོངས་ལས་བརྒལ་བ་དང་སྟོད་སྨད་རྒྱུད་ཀྱི་འབྱུང་ཁམས་མ་ལག་གི་འབྱར་གཤིས་བེད་སྤྱོད་བྱས་ཚེ། སྟོབས་ཆེ་བའི་མཱ་ཐེ་ནུས་འབྲས་ཆགས་སླ་བ་དང་། མི་ཉུང་ཤས་དང་ཐ་ན་ཁྱིམ་ཚང་གཅིག་པུའི་སྒེར་སྡེམ་ཁྲོམ་རའི་གྲུབ་ཆ་ཆགས་སླ་པོ་ཡོད། ལས་སྟེགས་ཁེ་ལས་སྤྱོད་མཁན་འབོར་ཆེན་ཡོད་ཅིང་། གྲངས་གཞི་འབོར་ཆེན་ཁོང་དུ་ཆུད་པ་དང་། ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ། གྲུབ་ཆ་འབོར་ཆེན་དང་སྦྲེལ་མཐུད་བྱེད་པ་བཅས་ཀྱི་དབང་གིས་ཁྲོམ་རའི་ལེགས་ཆའི་གནས་བབ་ལ་བརྟེན་ནས་འཛད་སྤྱོད་པ་དང་ལས་སྟེགས་ལས་གཉེར་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བ་སོགས་ཀྱི་གནད་དོན་ཐོན་སླ་པོ་ཡོད། ལས་སྟེགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ཇི་ལྟར་ཁོང་དུ་ཆུད་པ་དང་ལུགས་མཐུན་ངང་ཚད་ལྡན་དུ་གཏོང་བ་དང་ཁྲིད་སྟོན་བྱ་རྒྱུ་ནི་རྒྱལ་ཁབ་ཁག་ལ་ཐུན་མོང་དུ་འཕྲད་པའི་ལྟ་སྐུལ་དོ་དམ་གྱི་དཀའ་གནད་ཅིག་རེད། ཨ་རིས་ལས་སྟེགས་ཁེ་ལས་ལ“ལྷགས་གཡོལ་མཚོ་ཁུག”རྩ་དོན་སྤྱད་དེ་ཕྱོགས་གསུམ་པའི་འགན་འཁྲི་དང་ཁྲིམས་སྒོ་རང་བཙན་གྱི་ལས་སྟེགས་ཀྱི་ཐད་ཀའི་འགན་འཁྲི་དེ་བས་མང་བ་ནན་བཤད་བྱས་ཡོད། ཡོ་རོབ་མནའ་འབྲེལ་གྱིས“སྒོ་སྲུང་པའི”སྒྲིག་སྲོལ་བཟོས་ནས《ཀུན་སྤྱོད་གྲངས་གཞི་སྲུང་སྐྱོང་སྲོལ་ཡིག》དང《གྲངས་གཞིའི་ཞབས་ཞུའི་ཁྲིམས་གཞི》སོགས་བསྟུད་མར་ནང་འདྲེན་བྱས་པ་དེའི་དམིགས་ཡུལ་ནི་ལས་སྟེགས་ཁེ་ལས་བཅོས་སྐྱོང་གི་འགན་འཁྲི་ཆེ་རུ་གཏོང་ཆེད་ཡིན། 2022ལོའི་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ཆུ་ཚད་མཐོ་རུ་བཏང་སྟེ། ལས་སྟེགས་ཁེ་ལས་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་དང་། ལས་ཞུགས་གསར་སྐྲུན། རྒྱལ་སྤྱིའི་འགྲན་རྩོད་བཅས་བྱེད་པའི་ཁྲོད་ནུས་པ་ཆེན་པོ་འདོན་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་ནན་བཤད་བྱས་ཡོད། ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལྟར། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་གཅིག་གྱུར་གྱིས་འཕེལ་རྒྱས་དང་ཚད་ལྡན། གསོན་ཤུགས་དང་སྒྲིག་ལམ་བཅས་རྒྱུན་འཁྱོངས་བྱས་ཏེ། ལས་སྟེགས་དཔལ་འབྱོར་གྱི་བཅོས་སྐྱོང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཡོད། རང་རྒྱལ་གྱིས་སྔ་རྗེས་སུ་སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་དང་། གཉེར་སྐྱོང་བྱེད་མཁན་གྱིས་གཅིག་བསྡུས་ཐོག་སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་སྒྲིག་སྲོལ་དང་མཐུན་པའི་མཛུབ་ཁྲིད་ཁྱབ་བསྒྲགས་བྱས་ཤིང་། ལས་སྟེགས་དཔལ་འབྱོར་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་མཛུབ་ཁྲིད་བསམ་འཆར་དང་། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ངལ་རྩོལ་འགན་སྲུང་ཁེ་དབང་སྲུང་སྐྱོང་བྱེད་པའི་མཛུབ་ཁྲིད་བསམ་འཆར་སོགས་ལམ་ལུགས་དང་སྲིད་ཇུས་བྱ་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པས། ལས་སྟེགས་དཔལ་འབྱོར་ལྟ་སྐུལ་དོ་དམ་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། འོན་ཀྱང་སྤྱི་ཡོངས་ནས་བལྟས་ན། ལས་དོན་མི་ཉུང་བ་ཞིག་སྔར་བཞིན་འཚོལ་ཞིབ་བྱེད་བཞིན་ཡོད་པས་མ་ལག་རང་བཞིན་གྱི་ཉམས་མྱོང་ཆགས་མེད།
གསུམ་པ། ལས་སྟེགས་དཔལ་འབྱོར་གྱི་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས་ལས་སྟེགས་དཔལ་འབྱོར་བཅོས་སྐྱོང་དེ་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་དུས་མཚམས་སུ་བསྒྱུར་རྒྱུར་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུ་ནི་ལས་ཀའི་གཙོ་གནད་ཅིག་ཡིན། རང་རྒྱལ་གྱི་ལས་སྟེགས་དཔལ་འབྱོར་ལྟ་སྐུལ་དོ་དམ་བྱེད་སྟངས་དང་བཅོས་སྐྱོང་མ་ལག་དེ་ལས་སྟེགས་དཔལ་འབྱོར་རང་ངོས་ཀྱི་ཁྱད་ཆོས་དང་ཡོངས་སུ་མཐུན་སྦྱོར་བྱུང་མེད་པས། གྲངས་འཛིན་དཔལ་འབྱོར་དང་ལས་སྟེགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་དགོས་པ་དང་།གོ་རིམ་ལྡན་པའི་ཇུས་འགོད་དང་ཕྱོགས་བསྡུས་ཐབས་ཇུས་ལག་བསྟར་བྱེད་པ་དང་། ལྟ་སྐུལ་དོ་དམ་གྱི་འདུ་ཤེས་དང་། མ་ལག རྣམ་པ་སོགས་ཀྱི་ཐད་སྒྱུར་བཅོས་གསར་གཏོད་བྱས་ཏེ། གསར་གཏོད་ལ་སྐུལ་མ་བཏང་ཐོག་ཁེ་ལས་ཀྱིས་སྒྲུབ་ཕོད་པ་དང་ཡུན་རིང་མ་དངུལ་གཏོང་ཕོད་པའི་ལམ་ལུགས་ཀྱི་ཁོར་ཡུག་གཏོད་པར་ཤུགས་སྣོན་རྒྱག་དགོས། གཅིག་ནས་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་ལྟ་སྐུལ་དོ་དམ་འཐུས་ཚང་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་སྟེ། ལས་སྟེགས་དཔལ་འབྱོར་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་དང་། ལྟ་སྐུལ་དོ་དམ་མ་ལག་གི་བརྟན་བརླིང་རང་བཞིན་དང་སྔོན་དཔག་ཐུབ་པའི་རང་བཞིན་མཐོ་རུ་གཏོང་དགོས་པ་དང་། ལྟ་སྐུལ་དོ་དམ་སྲིད་ཇུས་གལ་ཆེན་གཏན་འབེབས་བྱེད་པའི་བརྒྱུད་རིམ་ནང་། ཁེ་ལས་དང་སྤྱི་ཚོགས་སྤྱི་དམངས་དང་རྒྱུན་རྣམ་ཅན་གྱི་འབྲེལ་གཏུགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་དང་སྤྱི་ཁོག་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་རང་བཞིན་གྱི་དཔྱད་དཔོག་སོགས་ལ་ཤུགས་སྣོན་རྒྱག་དགོས། དེ་བཞིན་ལྟ་སྐུལ་དོ་དམ་གྱི་ཁྲིམས་སྲོལ་དང་སྲིད་ཇུས་བཏོན་ནས་ལེགས་སྒྲིག་བྱེད་པའི་དུས་ཚོད་དང་ཕན་འབྲས་ཁོང་དུ་ཆུད་པར་བྱེད་དགོས། གཉིས་ནས་གྲངས་གཞིའི་བདེ་འཇགས་བཅོས་སྐྱོང་དང་ལྟ་སྐུལ་དོ་དམ་བྱེད་ནུས་ཆེ་རུ་གཏོང་དགོས་པ་སྟེ། གྲངས་གཞི་ནི་ལས་སྟེགས་དཔལ་འབྱོར་གྱི་འགག་རྩའི་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་ཡིན་པས། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社