ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་སྦྲག་སྲིད་བོད་རང་སྐྱོང་ལྗོངས་ཡན་ལག་ཀུང་སིས་རིམ་སྤོར་སྒྱུར་བཀོད་བྱས་པའི“མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་གཙོ་དོན་སྦྲག་ཁང་ཕོ་བྲང་པོ་ཏ་ལའི་ཚོང་ཁང་གིས་བོད་ལྗོངས་ཀྱི་རིག་གནས་ཀྱི་ནང་དོན་གཙོ་གནད་དུ་བཟུང་ནས་མཛེས་བཟོའི་ཉམས་འགྱུར་དང་། རིག་གནས་གསར་གཏོད་ཐོན་རྫས། ཁྱད་ལྡན་ཞབས་ཞུ་སོགས་ཀྱི་ཐད་ནས་བོད་ལྗོངས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་སྐོར་མཛེས་ལྗོངས་དང་གཏིང་ཟབ་པའི་རིག་གནས་ནང་དོན་ཁྱོན་ཡོངས་ནས་མངོན་པར་བྱས་པར་ཡུལ་སྐོར་བའི་དགའ་བསུ་ཐོབ་ཡོད།
ཉེ་ཆར། ཕོ་བྲང་པོ་ཏ་ལའི་ཤར་ཕྱོགས་ཀྱི“མཁའ་དབྱིངས་བོད་ལྗོངས”ཞེས་པའི་གཙོ་དོན་སྦྲག་ཁང་ཕོ་བྲང་པོ་ཏ་ལའི་ཚོང་ཁང་དུ་གསར་འགོད་པར་ཡུལ་སྐོར་བ་མང་པོ་ཞིག་གིས་རང་ཉིད་དགའ་བའི་སྐོགས་མེད་འཕྲིན་ཤོག་བདམས་ནས་རྒྱང་རིང་གི་གཉེན་ཉེ་དང་གྲོགས་པོར་བཅངས་པའི་དྲན་གདུང་དང་སྨོན་འདུན་མཚོན་པར་བྱས་ཤིང་།སྐོགས་མེད་འཕྲིན་ཤོག་ལ་ཐུན་མོང་མ་ཡིན་པའི་བོད་ལྗོངས་ཀྱི་སྦྲག་ཐམ་བརྒྱབ་སྟེ་གཉེན་ཉེ་དང་གྲོགས་པོར་བསྐུར་བཞིན་པ་མཐོང་ཡོད། འདི་གར་ཡུལ་སྐོར་བས་ད་དུང་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་དྲན་རྟེན་དངོས་པོ་དང་ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་ཉོས་ནས་བོད་ལྗོངས་ཀྱི་མཛེས་སྡུག་ལྡན་པའི་དྲན་འཆར་དག་མི་བརྗེད་པར་བྱེད་ཀྱི་ཡོད།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社