分享按钮

མཛེས་སྡུག་ལྡན་པའི་ལྷ་སར་ཡུལ་སྐོར་བྱས་ནས་མ་འོངས་པར་བློ་ཁ་གཏད་པ།

2024ལོའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་གི་སྐོར་བཀོད་པ།

ཟླ་8ཚེས་17ཉིན་གྱི་སྔ་དྲོར“མཛེས་སྡུག་ལྡན་པའི་ལྷ་སར་ཡུལ་སྐོར་བྱས་ནས་མ་འོངས་པར་བློ་ཁ་གཏད”ཅེས་པ་གཙོ་དོན་དུ་བྱས་པའི་2024ལོའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་ཤིང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་རྒྱང་རྒྱུག་གྲོགས་པོ་5000གངས་ལྗོངས་ཀྱི་གནའ་གྲོང་ལྷ་སར་འཛོམས་ནས་ས་བབ་མཐོ་ཤོས་ཀྱི་མར་སུན་རྒྱང་རྒྱུག་ལ་འགྲན་སློང་བྱས་ཡོད།

2024ལོའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་བསྡུར་ལ་ལམ་ཕྱེད་མར་སུན(སྤྱི་ལེ་21.0975)དང་། མྱུར་རྒྱུག(སྤྱི་ལེ་10) བདེ་ཐང་རྒྱང་རྒྱུག(སྤྱི་ལེ་5)བཅས་ཚོགས་ཆུང་གསུམ་བཀོད་སྒྲིག་བྱས་ཡོད། དེའི་ནང་ལམ་ཕྱེད་མར་སུན་རྒྱང་རྒྱུག་བྱེད་མཁན་2000དང་། མྱུར་རྒྱུག་བྱེད་མཁན་500 བདེ་ཐང་རྒྱང་རྒྱུག་བྱེད་མཁན་2500བཅས་ཡོད།

སྔ་དྲོའི་ཆུ་ཚོད་8དང་སྐར་མ་30ཡི་ཐོག་བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་སུ་མི་ཚོགས་ཀྱིས་ཁེངས་ཤིང་། 2024ལོའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་ནང་ཞུགས་མཁན་བདམས་ཐོན་པ་ཚོས་གྲ་སྒྲིག་བྱས་ནས་འགྲོ་སྐྱོད་བྱེད་བཞིན་ཡོད། གར་སྟབས་རྐྱལ་རྩེད་ཀྱི་འཛམ་གླིང་གི་ཨང་དང་པོ་ཐོབ་མཁན་ཅང་ཝུན་ཝུན་དང་ཅང་ཐིང་ཐིང་གཉིས་ཀྱང་ས་གནས་ས་ཐོག་ཏུ་ཡོང་ནས་འགྲན་ཞུགས་བདམས་ཐོན་པར་ངར་ཤུགས་བསླངས་ཡོད། ཅང་ཝུན་ཝུན་དང་ཅང་ཐིང་ཐིང་གིས། མཇུག་འགྲིལ་མ་ཐག་པའི་ཨོ་རྩལ་འགྲན་ཚོགས་ཐོག་ཀྲུང་གོའི་ལུས་རྩལ་པར་གྲུབ་འབྲས་ཧ་ཅང་ཡག་པོ་ཐོབ་ཡོད། ང་ཚོས་རྒྱ་ཆེའི་ལུས་རྩལ་པའི་ཚབ་ཞུས་ནས་ལྷ་སར་ཡོང་ནས་ཚང་མར་ངར་ཤུགས་བསླངས་ཡོད། ཚང་མས་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་བསྡུར་ནང་།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-19 2024ལོའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་གི་སྐོར་བཀོད་པ། 6 6 拉萨日报藏文 c186419.html 1 མཛེས་སྡུག་ལྡན་པའི་ལྷ་སར་ཡུལ་སྐོར་བྱས་ནས་མ་འོངས་པར་བློ་ཁ་གཏད་པ། /enpproperty-->