ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར། སྟོད་ལུང་བདེ་ཆེན་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་ལྷ་སའི་ཤུན་ཧྥུང་འགུལ་རིས་ཀྱི་དགའ་ནེའུ་སྐབས་གཉིས་པ་གཉེར་ནས་འགུལ་རིས་ལ་དགའ་པོ་བྱེད་མཁན་དེའི་ནང་ཞུཊ་རྒྱུའི་ཡིད་དབང་བཀུག་པ་རེད།
སྟོད་ལུང་བདེ་ཆེན་ཆུས་གཙང་འགྲམ་ལུས་རྩལ་སྤྱི་གླིང་དུ་འཁྲབ་སྟོན་བྱེད་མཁན་ཚོས་རང་ཉིད་དགའ་པོ་བྱེད་པའི་གཟབ་མཆོར་སྤྲས་ནས་རང་ཉིད་དགའ་བའི་འགུལ་རིས་མི་སྣ་དང་ཕན་ཚུན་སྤེལ་རེས་བྱས་པ་བརྒྱུད་སྤྲོ་སྣང་ལོངས་སུ་སྤྱོད་ཀྱི་ཡོད་པ་རེད། འཁྲབ་སྟོན་པ་བཀྲ་ཤིས་གཡུ་སྒྲོལ་གྱིས་ང་ཆུང་དུས་ནས་འགུལ་རིས་གློག་བརྙན་ལ་ལྟ་རྒྱུར་དགའ་པོ་ཡོད་ལ། ནར་སོན་རྗེས་ཀྱང་འགུལ་རིས་ལ་ལྟ་རྒྱུར་དགའ་པོ་ཡོད། ལྷག་པར་དུ་བང་སོ་རྐུ་རྒྱག་གི་ཟིན་བྲིས་ཞེས་པའི་བརྩམས་སྒྲུང་ལ་ལྟ་རྒྱུར་དགའ་པོ་ཡོད། ད་ཐེངས་ངས་འཁྲབ་སྟོན་བྱས་པའི་མི་སྣ་ནི་བང་སོ་རྐུ་རྒྱག་ཟིན་བྲིས་ནང་གི་ཧོ་ཞིའུ་ཞིའུ་ཡིན་པས། བརྒྱུད་རིམ་ཧྲིལ་པོར་སྤྲོ་སྣང་ཧ་ཅང་ཆེན་པོ་བྱུང་ཞེས་བཤད།
འགུལ་རིས་འགྲེམས་སྟོན་ནང་ད་དུང་འགྲེམས་སྟོན་ཁུལ་མང་པོ་བཙུགས་ཡོད་པ་དང་།དེའི་ནང་འགུལ་རིས་ཀྱི་བརྩམས་ཆོས་སྣ་ཚོགས་དང་། ལག་བཟོས། དཔེ་དབྱིབས། འགུལ་རིས་ཀྱི་དེབ་སོགས་ཚུད་ཡོད་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社