分享按钮

མང་ཚོགས་ཀྱིས་འབོད་པར་སྡེ་ཁུལ་གྱིས་མཉམ་འགུལ་དང་ལེན་བྱས་ཏེ་མནའ་འབྲེལ་གནད་སྨིན་གྱི་ཞབས་ཞུ་བསྒྲུབས་པ།

བདེ་སྐྱིད་སྡེ་ཁུལ་གྱིས་སྡེ་ཁུལ་ཞབས་ཞུའི་མནའ་འབྲེལ་ བཏོད་པར་ཕན་འབྲས་བཟང་པོ་ཐོན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གསར་འགོད་པ།བསྟན་འཛིན་ལྷག་སྒྲོན།

ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་བདེ་སྐྱིད་སྡེ་ཁུལ་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གཞི་རིམ་བཅོས་སྐྱོང་གི་འགོ་འཛུགས་ས་དང་དོན་ལ་བབས་སར་མཐའ་འཁྱོངས་བྱས་ནས“ཏང་འཛུགས་སྐྱོང་+”གཞི་རིམ་བཅོས་སྐྱོང་གི་བྱེད་སྟངས་ནུས་ལྡན་འཚོལ་ཞིབ་བྱས་པ་དང་།སྡེ་ཁུལ་ཞབས་ཞུའི་མནའ་འབྲེལ་བཏོད་པ།མང་ཚོགས་ཀྱིས་འབོད་ཐེངས་གཅིག་ལ།སྡེ་ཁུལ་གྱིས་མཉམ་འགུལ་དང་ལེན་བྱས་ཏེ་མནའ་འབྲེལ་གནད་སྨིན་གྱི་ཞབས་ཞུ་སྒྲུབ་པ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་བཏོད་ཡོད།

ཞིབ་ཐོ་གསུམ་ཏན་ཏིག་བཟོས་ནས་རྨང་གཞི་བརྟན་པོར་བཏིང་བ།

དགོས་མཁོའི་ཞིབ་ཐོ་བཟོས་པ་སྟེ།ཉེ་ཆར་གསར་འགོད་པ་བདེ་སྐྱིད་སྡེ་ཁུལ་དུ་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བར་གཞིགས་ན།བདེ་སྐྱིད་སྡེ་ཁུལ་གྱིས་སྲིད་ཇུས་དང་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་སོགས་ལས་ཀའི་གཞི་རྟེན་དང་མཉམ་འདྲེས་དམ་ཟབ་བྱས་ཏེ།སྡེ་ཁུལ་གྱི་ལས་དོན་པ་དུད་ཚང་དུ་བཅར་འདྲིར་བསྐྱོད་ནས་གནས་ཚུལ་རྒྱུས་མངའ་བྱེད་པ་དང་།དུད་སྦྲེལ་འཐུས་མིས་ཁྱིམ་ཚང་གི་གནས་ཚུལ་གླེང་བ།ལས་འགན་གཅིག་ལྕོགས་དྲ་མིག་པས་ཁྲོམ་ལམ་དུ་བསྐྱོད་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ། ཏང་ཡོན་དང་བླངས་པས་དམངས་འདུན་ལ་ཞབས་འདེགས་ཞུ་བའི་ཉམས་མྱོང་ལེགས་ཆ་འདོན་སྤེལ་བྱེད་པ་བཅས་ཀྱིས་ཁྱིམ་ལས་ཞབས་ཞུ་དང་།ཆུ་གློག་སོལ་རླངས།བཟའ་བཏུང་སིལ་ཚོང་སོགས་དམངས་འཚོའི་རིགས་ཀྱི་རེ་འདུན་ཆེན་པོ་ལྔ་བསྡུ་རུབ་དང་དབྱེ་ཞིབ་བྱས་པ་དང་།སྒོ་རྩར་ཉམས་གསོ་དང་།སོས་པ་མངགས་ཉོ།ཀྲུང་ལུགས་གསོ་རིག་སྨན་བཅོས་སོགས་ཐད་ཀྱི་ཞིབ་ཐོ་ཁག་42བསྡུ་རུབ་བྱས་ནས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་།བསམ་པའི་རིག་གནས་ཀྱི་དགོས་མཁོ་ཁོང་དུ་ཆུད་པ་དང་།ཤེས་རྟོགས་གསལ་པོ་བྱེད་པ། ཞབས་ཞུ་གནད་ལ་འཁེལ་བ་བཅས་བྱས་ཡོད།

ཞབས་ཞུའི་ཞིབ་ཐོ་བཟོས་པ་སྟེ།ཁོངས་གཏོགས་ཁུལ་གྱི་ཚོང་ཁུལ་ཐོག་ཁང་གི་ཏང་རྩ་འཛུཊ་དང་ལས་རིགས་མཐུན་ཚོགས་ཚོང་ཚོགས་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཏེ་སྡེ་ཁུལ་དང་།ཁྲོམ་ལམ།ཁྲེང་ཀོན་ཆུས་བཅས་ཐག་ཉེ་ས་ནས་ཐག་རིང་བར་གྱི་གོ་རིམ་དང་ཏང་ཡོན་ཚོང་དུད་དང་།བཟོ་ཚོང་མཉམ་འབྲེལ་ཚོགས་མིའི་ཁེ་ལས།སྤྱིར་བཏང་ཚོང་དུད་སོགས་སྔོན་སླ་རྗེས་དཀའི་བྱེད་ཐབས་ཐོག་ནས་ཚོང་པ་215ལ་བཅར་འདྲི་བྱས་པ་དང་།འདོད་མོས་ཡོད་པའི་ཚོང་པ་70ལྷག་ཙམ་སྐུལ་སློང་བྱས་ནས་ཞབས་ཞུའི་གསལ་ཐོ་40བཟོས་པ་རེད།

གཉིས་ཕན་ཞིབ་ཐོ་བཟོས་པ་སྟེ།མང་ཚོཊ་ལ་ཕན་པ་ཐོབ་པ་དང་།ཚོང་པར་ཁྲོམ་ར་ཐོབ་པའི་བསམ་བཀོད་མཐའ་འཁྱོངས་བྱས་ཏེ། དབྱེ་ཞིབ་དང་ཞིབ་འཇུག་བརྡར་ཤ་གཅོད་པ་དང་། མནའ་འབྲེལ་ཁོངས་མི་དང་མང་ཚོགས་ཀྱི་མཁོ་སྤྲོད་མཐུན་ས་གནད་ལ་འཁེལ་བའི་སྒོ་ནས་འཚོལ་ཞིབ་བྱས་ཏེ།མང་ཚོགས་ལ་ཀུན་ཕན་གྱི་ཞིབ་ཐོ་རྣམ་གྲངས་60ལྷག་ཙམ་གཏན་འབེབས་བྱས་པ་དང་། མནའ་འབྲེལ་ཁོངས་མིས་སྔོན་ལ་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་དགོས་མཁོའི་ཆ་འཕྲིན་དང་ལེན་དང་།སྔོན་ལ་སྡེ་ཁུལ་གྱི་སྤྱི་ཕན་ཞབས་ཞུའི་རྣམ་གྲངས་དང་ལེན་བྱེད་པ།སྔོན་ལ་མནའ་འབྲེལ་ཐོན་ཁུངས་མཉམ་སྤྱོད་བྱེད་པ།སྔོན་ལ་དྲིལ་བསྒྲགས་འོས་སྦྱོར་ཀྱི་ཐོགས་མེད་བགྲོད་ལམ་4ཤར་གཏོང་བྱས་ནས་མནའ་འབྲེལ་ཞབས་ཞུའི་ཡིད་དབང་འགུག་ཤུགས་དང་།གོང་བུར་འགྲིལ་ཤུགས།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-18 ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གསར་འགོད་པ།བསྟན་འཛིན་ལྷག་སྒྲོན། མང་ཚོགས་ཀྱིས་འབོད་པར་སྡེ་ཁུལ་གྱིས་མཉམ་འགུལ་དང་ལེན་བྱས་ཏེ་མནའ་འབྲེལ་གནད་སྨིན་གྱི་ཞབས་ཞུ་བསྒྲུབས་པ། 6 6 拉萨日报藏文 c186288.html 1 བདེ་སྐྱིད་སྡེ་ཁུལ་གྱིས་སྡེ་ཁུལ་ཞབས་ཞུའི་མནའ་འབྲེལ་ བཏོད་པར་ཕན་འབྲས་བཟང་པོ་ཐོན་པ། /enpproperty-->