分享按钮

ལྷ་ས་མཐོ་གསར་ཁུལ་གྱིས་ཁོར་ཡུག་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་གླིང་གི་རྣམ་པ་ལེགས་སུ་བཏང་བ།

པར་འདི་ནི་བཟོ་པས་རྩྭ་ངན་གཙང་སེལ་བྱེད་བཞིན་པའི་གནས་ཚུལ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ཀྱི་ཕན་འབྲས་རྒྱུན་རྣམ་ཅན་དུ་སྲ་བརྟན་བཏང་སྟེ་སྤྱི་གླིང་བདག་སྐྱོང་ཞིབ་ཚགས་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་སྤྱི་གླིང་གི་ཁོར་ཡུག་མཛེས་སུ་གཏོང་ཆེད། ཉིན་ཤས་བསྟུད་མར། ལྷ་ས་མཐོ་གསར་ཁུལ་གྱིས་ཁོངས་གཏོགས་ཁུལ་གྱི་ལྷ་ས་གྲོང་ཁྱེར་ཀྲུང་ཧྭ་རིག་གནས་སྤྱི་གླིང་དང་སྣེའུ་ལྟེ་གནས་སྤྱི་གླིང་དུ་རྩྭ་ངན་མེད་པར་བཟོ་བའི་ལས་དོན་སྤེལ་ནས་གྲོང་མིའི་བློ་མགུ་ཚད་དང་བདེ་སྣང་སྔར་བས་ཆེ་རུ་བཏང་ཡོད། ལྷ་ས་གྲོང་ཁྱེར་ཀྲུང་ཧྭ་རིག་གནས་སྤྱི་གླིང་གི་ལྷོ་ངོགས་སུ་གསར་འགོད་པས་བདག་སྐྱོང་པས་ལག་ཏུ་ལྕགས་ཁྱེམ་དང་། ཟོར་བ། འཇོར་སོགས་ལག་ཆ་འཁྱེར་ཏེ་མི་ཐབས་ལ་བརྟེན་ནས་རྩྭ་ངན་མེད་པར་བཟོ་བའི་ལས་ཀ་བྱེད་བཞིན་ཡོད་པ་མཐོང་བྱུང་། སྤྱི་གླིང་གི་སྤང་ལྗོངས་ནང་རྩྭ་ངན་སྣ་ཁ་མང་བ་དང་རྩ་བ་གཏིང་ཟབ་པ་དང་རྩ་བ་གཏིང་ཐུང་བའི་རྩྭ་ངན་སྣོལ་འདྲེས་སྐྱེ་འཚར་གྱི་གནད་དོན་ལ་དམིགས་ཏེ་ད་དུང་རྩྭ་འབྲེག་འཕྲུལ་འཁོར་སོགས་བཏང་ནས་འཕྲུལ་ཆས་ཅན་གྱི་ལས་ཀ་བྱས་ཐོག་ལས་ཕྱོད་ཆེ་རུ་བཏང་བ་རེད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-18 6 6 拉萨日报藏文 c186287.html 1 ལྷ་ས་མཐོ་གསར་ཁུལ་གྱིས་ཁོར་ཡུག་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་གླིང་གི་རྣམ་པ་ལེགས་སུ་བཏང་བ། /enpproperty-->