分享按钮

2024ལོའི་ལྷ་སའི་ལམ་ཕྱེད་མར་སུན་གཞུང་ཕྱོགས་སྦྱོང་བརྡར་སྒར་སའི་ལྷ་སའི་ས་ཚིགས་ཀྱི་འགྲན་བསྡུར་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། འགྲན་བསྡུར་མ་བྱས་སྔོན་ལ་ངེས་པར་དུ་ངལ་གསོ་ཡག་པོ་རྒྱག་དགོས། གཉིད་ཡག་པོ་ཉལ་དགོས། ཆུ་མང་ཙམ་འཐུང་དགོས་ཞེས་པ་སོགས།ཟླ་8ཚེས་14ཉིན་གྱི་ཕྱི་དྲོར། གསར་འགོད་པར་ལྷ་ཀླུ་འདམ་རར་2024ལོའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་ནང་ཞུགས་མཁན་བདམས་ཐོན་པ་ཁག་གཅིག་གིས་རྩལ་སློབ་དགེ་རྒན་གྱིས་ས་མཐོའི་མར་སུན་རྒྱང་རྒྱུག་གི་དོ་སྣང་བྱེད་དགོས་པའི་དོན་ཚན་དང་ཐབས་རྩལ་གྱི་འགྲེལ་བཤད་ཉན་བཞིན་ཡོད་པ་མཐོང་ཡོད། དེ་རྗེས་རྩལ་སློབ་དགེ་རྒན་གྱི་སྣེ་ཁྲིད་འོག་བདམས་ཐོན་པ་ཚོས་ལུས་སྦྱོང་བྱེད་སྒོ་སྤེལ་ནས་ས་མཐོའི་ཁོར་ཡུག་དང་སྔ་སྣུར་དུ་འཚམ་པར་བྱས་ཡོད། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད།ཚང་མར་ཆེད་ལས་ཀྱི་ཤེས་བྱ་དང་ཐབས་རྩལ་ཐོབ་ནས་ཟླ་8ཚེས་17ཉིན་གྱི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་བསྡུར་ལ་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་ཡོད།

གཞུང་ཕྱོགས་ཀྱི་མྱུར་ཚད་བཀོད་སྒྲིག་པ་ཨན་མུའུ་ཡེས།ང་རང་ལྷ་སར་ཡོང་ཐེངས་དང་པོ་ཡིན། སྔོན་ཆད་ཡོང་འདོད་ཡོད་པས་ད་རེས་གོ་སྐབས་ཐོབ་བྱུང་། དེ་རིང་གི་སྦྱོང་བརྡར་ནང་སྤྱི་ལེ་3ཙམ་རྒྱུགས་ཀྱང་དབུཊ་ཧལ་མ་བྱུང་བས།འགྲན་བསྡུར་ལ་དེ་བས་ཡིད་ཆེས་ཆེ་རུ་ཕྱིན་སོང་ཞེས་བཤད།

གཞུང་ཕྱོགས་ཀྱི་མྱུར་ཚད་བཀོད་སྒྲིག་པ་གཞན་ཞིག་ཏེ་ཐང་ཧོ་ཅུན་ལྷ་སར་འཚོ་བ་བསྐྱལ་ནས་ཡུན་རིང་ཕྱིན་ཡོད།ལྷ་སའི་ཁོར་ཡུག་དང་འཚམ་པ་བྱེད་མི་དགོས་ཀྱང་།སྦྱོང་བརྡར་སྒར་སར་ཞུགས་ཡོད། ཁོང་གིས་ད་ཐེངས་གཞུང་ཕྱོགས་ཀྱི་སྦྱོང་བརྡར་སྒར་ས་གཉེར་བ་འདི་ནི་ཧ་ཅང་ཡག་པོ་འདུག ལྷ་སར་ཡོང་སྐབས་ས་མཐོའི་ཁོར་ཡུག་དང་འཚམ་པ་བྱེད་པའི་བརྒྱུད་རིམ་ཞིག་བརྒྱུད་དགོས་ཀྱི་ཡོད་ཅིང་། སྦྱོང་བརྡར་སྒར་སས་ཁོང་ཚོ་ས་མཐོའི་ཁོར་ཡུག་དང་མགྱོགས་མྱུར་འཚམ་ཐུབ་པར་བྱས་ཡོད་པས།འགྲན་ཞུགས་བདམས་ཐོན་པ་ཚོར་ཕན་ཐོགས་ཆེན་པོ་བྱུང་ཡོད་ཅེས་བཤད།

2024ལོའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་གཞུང་ཕྱོགས་སྦྱོང་བརྡར་སྒར་སའི་ལྷ་སའི་ས་ཚིགས་ཀྱི་དུས་ཡུན་ཉིན་གཉིས་ཡིན་པ་དང་།ཉིན་གཉིས་པའི་སྦྱོང་བརྡར་སྒར་སའི་བྱེད་སྒོའི་ཐོག་ཚང་མར་འགྲན་ལམ་མྱུར་སྐྱོབ་ཐད་ཀྱི་འབྲེལ་ཡོད་གསོ་སྦྱོང་བྱ་རྒྱུ་རེད། གསར་དུ་བསྣན་པའི་གཞུང་ཕྱོགས་སྦྱོང་བརྡར་སྒར་ས་ནི་2024ལོའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་གི་བཀྲག་མདངས་འཚེར་སའི་གྲས་ཤིག་ཡིན་པ་དང་།སྦྱོང་བརྡར་སྒར་སར་ཁྱོན་དུས་མཚམས་གསུམ་ཡོད་པ་སྟེ།དུས་མཚམས་དང་པོ་ཟླ་7པའི་ཟླ་མཇུག་ཏུ་པེ་ཅིང་དུ་གཉེར་བ་དང་། དུས་མཚམས་གཉིས་པ་ཟླ་8ཚེས་4ཉིན་ཁྲེང་ཏུའུ་དང་། ཁྲུང་ཆིང་། ཀྲེ་ཅང་།ཡུན་ནན། ཤིས་ཨན་བཅས་སུ་དུས་གཅིག་ཏུ་འགོ་ཚུགས་ཡོད།ཐེངས་འདིའི་ལྷ་སའི་ས་ཚིགས་ནི་དུས་མཚམས་གསུམ་པ་རེད། གཞུང་ཕྱོགས་སྦྱོང་བརྡར་སྒར་སའི་མར་སུན་རྒྱང་རྒྱུག་ལ་དགའ་བའི་བདམས་ཐོན་པར་ཚན་རིག་དང་མཐུན་པ་དང་། ཁྱོན་ཡོངས།བརྒྱུད་རིམ་ལྡན་པ་བཅས་ཀྱི་སྦྱོང་བརྡར་མཛུབ་ཁྲིད་དང་ཐབས་རྩལ་མཉམ་སྤྱོད་བྱས་ནས་བདམས་ཐོན་པས་འགྲན་བསྡུར་གྱི་རྣམ་པ་ཡག་ཤོས་ཀྱི་ཐོག་ནས་འགྲན་བསྡུར་ནང་ཞུགས་རྒྱུར་རམ་འདེགས་བྱས་ཡོད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-17 6 6 拉萨日报藏文 c186278.html 1 2024ལོའི་ལྷ་སའི་ལམ་ཕྱེད་མར་སུན་གཞུང་ཕྱོགས་སྦྱོང་བརྡར་སྒར་སའི་ལྷ་སའི་ས་ཚིགས་ཀྱི་འགྲན་བསྡུར་འགོ་ཚུགས་པ། /enpproperty-->