ཉེ་དུས་ལྷ་སའི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་ཁག་གི་སློབ་དུས་གསར་པ་འགོ་ཚུགས་པས།དགེ་སློབ་ཚོ་སློབ་གྲྭར་འཛོམས་ཏེ།སློབ་དེབ་གསར་པ་བླངས་ནས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོའི་ཁྲོད་སློབ་དུས་གསར་པ་བསུ་བཞིན་མཆིས། པར་འདི་ནི་ཟླ་8ཚེས་12ཉིན་ལྷ་ས་གྲོང་ཁྱེར་སློབ་ཆུང་གསུམ་པས་གྲ་སྒྲིག་ཞིབ་ཚགས་ཀྱིས་མཛད་སྒོ་གཟབ་རྒྱས་འཚོགས་ནས་ལོ་རིམ་དང་པོའི་སློབ་མ་གསར་པར་བསུ་བ་ཞུ་བཞིན་པའི་རྣམ་པ་ཡིན།