སྙེ་མོ་རྫོང་གི་སྐབས་གསུམ་པའི་གཟིམ་སྤོས་རིག་གནས་
ཡུལ་སྐོར་དུས་ཆེན་གྱི་འོས་སྦྱོར་འདུ་ཚོགས་གཉེར་བ།
(པར་ངོས་དང་པོར་མཐུད)ཤིང་ཏོག བོད་སྒོང་།རྩམ་པ་སོགས་ཞིང་པའི་དམིགས་བསལ་ཐོན་རྫས་འགྲེམས་སྟོན་བྱས་པ་རེད།ཕུན་སུམ་ཚོགས་པའི་ཡུལ་དངོས་ཀྱི་བྱེད་སྒོ་དེས་གྲོང་མི་དང་ཡུལ་སྐོར་བ་མང་དག་ཅིག་གི་ཡིད་དབང་བཀུག་སྟེ་ལྟ་བར་ཡོང་བར་མ་ཟད།དྲ་གྲགས་མི་ཉུང་བ་ཞིག་གིས་ཀྱང་ཡུལ་དངོས་སུ་པར་ལེན་བྱས་ཏེ་སྙེ་མོའི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ལ་དགའ་པོ་བྱེད་ལུགས་མཚོན་པར་བྱས་ཡོད་པ་རེད།
སྙེ་མོ་ནི་བོད་ཀྱི་དབུས་ལྷོ་རྒྱུད་དུ་གནས་པ་དང་རྫོང་གྲོང་དུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3820དང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་3275.8ཡོད་ཅིང་།གནས་དེ་ནི་འབྱུང་འཕྲོད་ཞིང་འབྲོག་ལས་ཀྱི་འདེབས་གསོ་གཙོ་བོར་བྱེད་པའི་ས་མཐོའི་ཁྱད་ཆོས་ལྡན་པའི་རྫོང་གྲོང་ཆུང་ཆུང་ཞིག་རེད།དྲག་ཏུ་འཕྱུར་བའི་ཡར་ཀླུང་གཙང་པོའི་ཆུ་སྙེ་མོ་བརྒྱུད་ནས་རྒྱུག་པ་དེས་སྙེ་མོའི་ཐུན་མོང་མ་ཡིན་པའི་ས་ཁམས་ཀྱི་ཉམས་འགྱུར་ཞིག་ཆགས་པ་དང་། ལྗོངས་ཕྱི་ནང་དུ་སྐད་གྲཊ་ཆོད་པའི་ཡར་ཀླུང་གཙང་པོའི་སྙེ་མོའི་གྲོག་རོང་ཆེན་པོའི་མཛེས་ལྗོངས་ཁུལ་དང་། ལྷ་ས་གྲོང་ཁྱེར་དང་ཐག་ཉེ་ཤོས་ཀྱི་ཇོ་མོ་གངས་དཀར་གྱི་གངས་རི་དང་འཁྱགས་ཀླུང་མཛེས་ལྗོངས་ཁུལ། མཁར་རུ་དང་།གཞུ་སྨད།མར་རྐྱང་བཅས་ཀྱི་ཚ་ནུས་ཆུ་ཚན་གྱི་མཛེས་ལྗོངས་སོཊ་ཚང་མ་དེའི་ཁྲོད་དུ་ཁྱབ་ཡོད།ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་སྙེ་མོའི་མི་དམངས་ཀྱིས་ས་ཆ་དེ་གར་དཀའ་སྤྱད་འབད་བརྩོན་བྱས་པ་ལས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཕུན་སུམ་ཚོཊ་ཤོས་ཀྱི་རྫོང་དང་ཆུས་ཀྱི་གྲས་ཤིག་ཏུ་གྱུར་ཡོད།
འོས་སྦྱོར་འདུ་ཚོཊ་བརྒྱུད་སྙེ་མོ་ཞེས་པ་ནི་སྔར་སྙེ་མར་ཕོ་མོའི་དབྱེ་སྲོལ་ཡོད་པས་ཡུལ་འདི་གའི་སྙེ་མ་མོ་ཡིན་པར་འདོད་པས་སྙེ་མོ་ཞེས་པའི་མིང་འདོགས་ཚུལ་དང་མཛེས་སྡུག་ལྡན་པའི་ས་ཆ་ཞིག་ཡིན་པ་ངས་ཤེས་རྟོཊ་བྱུང་བར་མ་ཟད། ང་ཡང་བོད་ཡིག་ཡིག་གཟུཊ་དང་གཟིམ་སྤོས་རིག་གནས་ལ་ཧ་ཅང་དགའ་པོ་ཡོད། དྲ་གྲཊ་ཤིག་ཡིན་པའི་ངོས་ནས་ང་ཚོ་ས་གནས་དེར་བསྐྱོད་དེ་ས་གནས་དེ་གའི་མང་ཚོཊ་དངསྤེལ་རེས་བྱས་ཏེ་སྙེ་མོར་ཤེས་རྟོཊ་གཏིང་ཟབ་བྱེད་པ་དང་སྦྲགས།དྲ་རྒྱའི་ཐོག་ནས་མི་དེ་བས་མང་བར་མཉམ་སྤྱོད་བྱེད་འདོད་ཡོད་ཅེས་དྲ་གྲཊ་ཁྲེན་དབྱང་གིས་བཤད།
འོས་སྦྱོར་འདུ་ཚོགས་ཀྱི་ཡུལ་དངོས་སུ་ལས་དོན་པ་དང་དང་བླངས་པས་ད་དུང་གདན་ཞུའི་ཡི་གེ་སྤྲད་ནས་མི་དེ་བས་མང་བས་སྙེ་མོར་རྒྱུས་མངའ་བྱེད་པ་དང་སྙེ་མོར་བསྐྱོད་དེ་གཞན་དང་མི་འདྲ་བའི་སྙེ་མོའི་ཡུལ་སྲོལ་གོམས་གཤིས་ལ་མྱོང་རོལ་བྱེད་དུ་བཅུག་ཡོད།སྙེ་མོ་རྫོང་དྲིལ་བསྒྲགས་པུའི་ལས་དོན་པ་ལེང་དབྱིན་ཞུའེ་ཡིས་སྙེ་མོ་རྫོང་སྐབས་གསུམ་པའི་གཟིམ་སྤོས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་ཐོག་ང་ཚོས་ཚང་མར་ཕྱག་རྟགས་ཕུན་སུམ་ཚོགས་པོ་གྲ་སྒྲིག་བྱས་པར་མ་ཟད། ལྟད་མོ་ཆེ་བའི་རིག་རྩལ་འཁྲབ་སྟོན་ཡང་གྲ་སྒྲིག་བྱས་ཡོད། དུས་མཚུངས་སུ་ཡུལ་དངོས་སུ་རང་ཉིད་ཀྱིས་ལག་པ་འགུལ་ནས་གཟིམ་སྤོས་བཟོ་སྟངས་ཉམས་ལེན་ཡང་བྱེད་ཆོག་ཅེས་བཤད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社