分享按钮

སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྲོང་ཚོ་ཚང་མར་སྒྲོག་འགྲེལ་བྱེད་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྲོང་ཚོ་ཚང་མར་སྒྲོག་འགྲེལ་བྱེད་པའི་བྱེད་སྒོ་དེ་སྟོད་ལུང་བདེ་ཆེན་ཆུས་ཀྱི་ལྟེ་བའི་སྤྱི་གླིང་དུ་སྤེལ་འགོ་ཚུགས་ཡོད། ཆུས་ཐད་གཏོགས་སྡེ་ཚན་གྱི་ཏང་ཡོན་ལས་བྱེད་པ་དང་གདོང་དཀར་ཁྲོམ་གཞུང་གི་མང་ཚོགས་འཐུས་མི་200ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

བྱེད་སྒོའི་ཁྲོད་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ཕུལ་བྱུང་ཞིང་འབྲོག་མང་ཚོགས་ཀྱི་སྒྲོག་འགྲེལ་པས་མང་ཚོགས་ཀྱིས་ཉན་འདོད་པའི་རྣམ་པའི་ཐོག་ནས་སྒྲོག་འགྲེལ་གྱི་གཙོ་དོན་དང་གཞི་རིམ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།གསོན་ཉམས་དོད་པའི་དཔེ་མཚོན་དང་ཞིབ་ཕྲའི་གྲངས་གཞི་སྤྱད་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད།དེ་རྗེས《སྐྱིད་པའི་སྟོད་ལུང》དང《བརྩེ་དུང་གིས་ཁེངས་པའི་ས་ཆ》ཞེས་པའི་གླུ་དབྱངས་དང་།ཞབས་བྲོ《རལ་པ》སོགས་ངོ་མཚར་ཆེ་བའི་ལེ་ཚན་རེས་མོས་ཀྱིས་འཁྲབ་སྟོན་བྱས་ཤིང་།《གནམ་འོག་གི་སྨོན་འདུན》ཞེས་པའི་གླུ་དབྱངས་ལྟད་མོ་བ་ཡོངས་ཀྱིས་མཉམ་དུ་བླངས་ཡོད། ཡུལ་དངོས་སུ་སྟོད་ལུང་བདེ་ཆེན་ཆུས་ཨུད་སྤྱི་ཚོགས་བཟོ་ལས་པུས་སྣེ་ཁྲིད་དེ་ཚན་པ་10ལྷག་ཙམ་སྒྲིག་འཛུགས་བྱས་ནས་གནས་སྐབས་ཀྱི་དྲིལ་བསྒྲགས་ཞབས་ཞུའི་སྟེགས་བུ་བཙུགས་ཏེ་མང་ཚོགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་། བདེ་འཇགས་དང་རང་སྐྱོབ།བདེ་ཐང་དང་བདེ་སྲུང་སོགས་ཀྱི་ཤེས་བྱ་གཅིག་སྡུད་ཐོག་དྲིལ་བསྒྲགས་བྱས་པར་མ་ཟད། སྨན་བཅོས་དང་། ཁྱིམ་མི་མཉམ་འཛོམས་ཀྱི་འདྲ་པར་རྒྱག་པ། རིན་པ་མི་དགོས་པར་སྐྲ་བཞར་བ། ཁ་སྦུག་ལ་བརྟག་དཔྱད་བྱེད་པ་སོགས་ཀྱི་དང་བླངས་ཞབས་ཞུ་ཡང་བསྒྲུབས་ཡོད། སྐྲ་བཞར་ཁང་ཞིག་གི་སྦྱིན་བདག་ཀའོ་མིང་ཞ་ཡིས་ད་ཐེངས་ཀྱི་དང་བླངས་ཞབས་ཞུའི་ནང་ཞུགས་ཐུབ་པར་རང་ཉིད་ཧ་ཅང་དགའ་པོ་བྱུང་། ང་ཚོས་གཅེས་སེམས་མཚོན་པའི་སྐྲ་བཞར་ལ་བརྟེན་ནས་དྲོ་སྐྱིད་བརྒྱུད་སྤྲོད་བྱས་ཡོད། སླད་ཕྱིན་ང་ཚོས་འབྲེལ་ཡོད་བྱེད་སྒོའི་ནང་མུ་མཐུད་ནས་ཞུགས་རྒྱུ་ཡིན་ཞེས་བཤད་པ་རེད།

བྱེད་སྒོ་སྤེལ་བའི་ཉིན་དེར།སྟོད་ལུང་བདེ་ཆེན་ཆུས་ཀྱི་གྲོང་རྡལ(ཁྲོམ་གཞུང)ཁག་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྲོང་ཚོ་ཚང་མར་སྒྲོག་འགྲེལ་བྱེད་སྒོ་དུས་གཅིག་ཏུ་སྤེལ་ཡོད། གདོང་དཀར་ཁྲོམ་གཞུང་གི་གྲོང་མི་ཚེ་རིང་རྡོ་རྗེས་ད་ཐེངས་ཀྱི་བྱེད་སྒོ་དེ་སྒྲོག་འགྲེལ་དང་རིག་རྩལ། དང་བླངས་ཞབས་ཞུ། ཤེས་བྱའི་དྲི་བར་ལན་འདེབས་པ་བཅས་ཀྱི་རྣམ་པའི་ཐོག་ནས་སྤེལ་བ་དེས་ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སྔར་བས་ཤེས་རྟོགས་གཏིང་ཟབ་བྱུང་བར་མ་ཟད། ང་ཚོའི་བསམ་པའི་རིག་གནས་འཚོ་བ་ཡང་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད། སླད་ཕྱིན་བྱེད་སྒོ་དེ་རིགས་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-14 6 6 拉萨日报藏文 c186086.html 1 སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྲོང་ཚོ་ཚང་མར་སྒྲོག་འགྲེལ་བྱེད་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ། /enpproperty-->