分享按钮

སྙེ་མོ་རྫོང་གི་སྐབས་གསུམ་པའི་གཟིམ་སྤོས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འོས་སྦྱོར་འདུ་ཚོགས་གཉེར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཕུལ་དུ་བྱུང་བའི་སྲོལ་རྒྱུན་གྱི་མི་རིགས་རིག་གནས་སྔར་བས་དར་སྤེལ་གཏོང་བ་དང་།ཁོངས་གཏོགས་ཁུལ་གྱི་ཕུན་སུམ་ཚོགས་པའི་ཡུལ་སྐོར་རིག་གནས་ཐོན་ཁུངས་འོས་སྦྱོར་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་རོགས་རམ་བྱ་ཆེད།ཟླ་8ཚེས་16ནས་ཚེས་17བར།སྙེ་མོའི་གྲོག་རོང་ཆེན་མོ།ཐོན་པ་སྤོས་ཀྱི་འབྱུང་ཁུངས་ཞེས་པའི་སྐབས་གསུམ་པའི་གཟིམ་སྤོས་རིག་གནས་ཡུལ་སྐོར་དུས་ཆེན་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་ཐོན་པ་མཛེས་ལྗོངས་ཁུལ་དུ་འཚོག་རྒྱུ་ཡིན་པ་རེད།ཡུལ་སྐོར་དུས་ཆེན་གོང་གི་བྱེད་སྒོ་ཞིག་ཡིན་པའི་ངོས་ནས་ཟླ་8ཚེས་11ཉིན།སྙེ་མོ་རྫོང་སྐབས་གསུམ་པའི་གཟིམ་སྤོས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མང་ཚོགས་འོས་སྦྱོར་འདུ་ཚོགས་ལྷ་སའི་ཐེན་ཧའེ་རྒྱལ་སྤྱིའི་ཐང་ཆེན་དུ་གཉེར་བ་རེད།

འོས་སྦྱོར་འདུ་ཚོགས་ཐོག་སྙེ་མོའི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཚོང་དུད་དང་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་20ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་འགྲེམས་སྟེགས་བཀོད་སྒྲིག་དང་།འགྲེམས་སྟོན་དངོས་པོ་བཤམས་སྟོན། དྲིལ་བསྒྲགས་པར་གཞི་བསྟན་པ་སོགས་ཀྱི་བྱ་ཐབས་བརྒྱུད་སྙེ་མོའི་གཟིམ་སྤོས་དང་།ཕུ་གསུམ་པར་བརྐོས།ཞོ་ལེགས་བོད་ཤོག ལག་བཟོས་འཇིམ་སྐུ་སོགས་ལོ་ངོ་སྟོང་རིང་རྒྱུན་འཛིན་བྱས་པའི་ངོ་མཚར་ཆེ་བའི་ལག་རྩལ་དང་དེ་བཞིན་ཁྱད་ལྡན་སྔོ་ཚལ་དང་། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-14 6 6 拉萨日报藏文 c186081.html 1 སྙེ་མོ་རྫོང་གི་སྐབས་གསུམ་པའི་གཟིམ་སྤོས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འོས་སྦྱོར་འདུ་ཚོགས་གཉེར་བ། /enpproperty-->