(པར་ངོས་དང་པོར་མཐུད)གཟུགས་པོའི་ཁྱད་ཆོས། རྒྱུད་སྤྱོད་ཀྱི་ཁྱད་ཆོས། སྐྱེ་འཕེལ་གྱི་ནུས་པ་སོགས་ཀྱི་ཐད་ནས་འགྲན་བསྡུར་ནང་ཞུགས་པའི་ནོར་གནག་དང་ལུག་ལ་དཔྱད་འདེམས་སྐར་མ་བརྒྱབ་སྟེ་རིམ་པ་དང་པོའི་ནང་ཕ་གླང་དང་མོ་ཕྱུགས་རེ་དཔྱད་འདེམས་བྱས་པ་དེ་དག་ཚང་མ་ནི་ཉང་གཡག་ཡིན་ཞིང་། བྱ་དགའ་ལ་ཝུའུ་ལིང་ཧུང་ཀོང་རླངས་འཁོར་འབྲིང་གྲས་རེ་སྤྲད་པ་རེད། རིམ་པ་དང་པོའི་ལུག་ཐུག་དང་མོ་ལུག་བདམས་པའི་ནང་ཨ་དབང་གི་ལུག་ཡིན་པ་དང་སོ་སོར་འདྲུད་འཐེན་འཁོར་ལོ་རེ་བྱ་དགའ་ལ་སྤྲད་པ་རེད། དེ་བྱིངས་ཀྱི་རིམ་པ་གཉིས་པ་དང་གསུམ་པའི་འབྲི་གཡག་དང་བོད་ལུག་སོ་སོར་འདྲུད་འཐེན་འཁོར་ལོ་དང་། གཟན་རྩྭ་ཞིབ་འཐག་འཕྲུལ་འཁོར།རྩྭ་འབྲེག་འཕྲུལ་འཁོར་སོགས་བྱ་དགའ་ལ་སྤྲད་ཡོད། འགྲན་བསྡུར་ནང་ཞུགས་ཀྱང་བྱ་དགའི་རིམ་པ་ཐོབ་མེད་པའི་འབྲི་གཡག་དང་བོད་ལུག་རེར་སྦག་སྦག་རེ་སྤྲད་པ་རེད། གཞན་ཡང་འགྲན་བསྡུར་ཆེ་མོའི་ས་གནས་ས་ཐོག་ཏུ་བྱ་དགའ་ཨང་དང་པོ་དང་གཉིས་པ་ཐོབ་པའི་ཉང་གཡག་ཧབ་འཚོང་བྱས་པར་རིན་གོང་སྒོར་ཁྲི་12ཟིན་ཡོད།
འགྲན་བསྡུར་ཆེ་མོ་བདེ་བླག་ངང་གཉེར་བ་དེས་བོད་ཀྱི་རྒྱུད་བཟང་ཕྱུགས་རིགས་ཀྱི་ཁྱད་ལྡན་ཐོན་ཁུངས་དང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱ་རྒྱུར་སྟེགས་བུ་གལ་ཆེན་ཞིག་བསྐྲུན་པར་མ་ཟད། རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སློབ་སྦྱོང་དང་སྤེལ་རེས་ཀྱི་གོ་སྐབས་རྩ་ཆེན་ཡང་མཁོ་འདོན་བྱས་ཡོད། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་བོད་ཀྱི་འབྲོག་ལས་ཚན་རིག་ཅན་དང་། གཞི་ཁྱོན་ཅན། སྤུས་རྟགས་ཅན་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྔར་བས་སྐུལ་འདེད་བཏང་ནས་བོད་ཀྱི་ཁྱད་ལྡན་ཕྱུགས་རིགས་ཀྱི་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་བ་དང་།བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་གོང་འཕེལ་དང་ཡུན་རིང་བདེ་འགོད་ཡོང་བར་སྟོབས་ཤུཊ་ལེཊ་སྐྱེས་སུ་འབུལ་རྒྱུ་རེད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社