ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་གྱི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་། གྲོང་མིའི་འགྲོ་སྐྱོད་སྟབས་བདེ་ཡོང་ཆེད། ད་ལོ་ནས་བཟུང་ལྷ་སའི་མཐོ་གསར་ཁུལ་གྱིས་འགྲོ་ལམ་ཁག་གཅིག་ཏུ“སྣུམ་ནག་འདིང་བའི”ལས་གྲྭ་ལེགས་གྲུབ་བྱས་པར་མ་ཟད། ཁོངས་གཏོགས་ཁུལ་གྱི་མི་བགྲོད་གཞུང་ལམ་38ཆུ་སིམ་བདེ་བའི་སྒྱུར་བཀོད་བྱས་ནས་འགྲོ་ལམ་ཧྲིལ་པོའི་རྣམ་པ་ལེགས་སུ་གཏོང་བ་དང་ཁྲོམ་གཞུང་རྒྱུད་ཀྱི་ཡུལ་ལྗོངས་མཛེས་སུ་བཏང་བ་དང་།དུས་མཚུངས་མཐོ་གསར་ཁུལ་གྱི་ཆུ་འགྲོ་བདེ་བའི་གྲོང་ཁྱེར་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དུ་བཏང་ཡོད།
ཉེ་ཆར།གསར་འགོད་པས་ཐའོ་ལི་ཁྲོམ་གཞུང་གི་ཨར་ལས་བྱ་ཡུལ་དུ་ལམ་འགྲམ་གྱི་མི་བགྲོད་གཞུང་ལམ་གྱི་དེ་སྔའི་ཁོད་མི་སྙོམས་པའི་ཨར་འདམ་སོ་ཕག་དེ་ཁོད་སྙོམས་པའི་ཆུ་སིམ་སོ་ཕག་གསར་རྐྱང་དུ་བརྗེས་ཡོད་པ་དང་།བཟོ་པ་ཚོས་བྲེལ་འཚུབ་ངང་འབྲེལ་ཡོད་ཀྱི་ཁོད་སྙོམས་ལས་དོན་སྤེལ་ནས་འགྲོ་ལམ་དེའི་མི་བགྲོད་གཞུང་ལམ་གྱི་ས་ངོས་སོ་ཕག་སླར་ཡང་འདིང་བཞིན་ཡོད།ཚ་གུར་ལམ་ཆེན་དང་ཨོ་ལིམ་ཕིག་ལུས་རྩལ་ཁྲོམ་གཞུང་སོགས་ལམ་དུམ་གྱི་ཨར་ལས་ལེགས་གྲུབ་ཟིན་ཡོད།
ཨར་ལས་ཀྱི་དུམ་བུ་གཉིས་པའི་རྣམ་གྲངས་ཀྱི་འགན་འཁུར་བ་ལིན་ཧྲི་པིན་གྱིས་རྣམ་གྲངས་ཨར་ལས་ཀྱི་དུམ་བུ་གཉིས་པའི་ནང་འགྲོ་ལམ་29དང་འབྲེལ་བ་ཡོད་པའི་ནང་འགྲོ་ལམ་22ནི་མི་བགྲོད་ལམ་ཆུ་སིམ་བདེ་བའི་སྒྱུར་བཀོད་དང་འགྲོ་ལམ་7ནི་གྲོང་ཁྱེར་གྱི་ཁྱིམ་ཆས་སྒྲིག་སྦྱོར་ཡིན། ལས་གྲྭ་དེ་ཟླ་6ཚེས་3ཉིན་ལས་འགོ་ཚུགས་པ་དང་མིག་སྔར་འགྲོ་ལམ་གྱི་བརྒྱ་ཆ་95བཤིགས་ཟིན་ཞིང་།ཆུ་སིམ་པའི་ཨར་འདམ་ལུགས་རྒྱག་པ་དང་། ལམ་རྒྱུད་ཀྱི་རྡོ་སྐྱོར་ཉམས་གསོ་བརྒྱ་ཆ་91ལེགས་གྲུབ་ཟིན་པ། ཆུ་སིམ་བདེ་བའི་སོ་ཕག་འདིང་བའི་ལས་གྲྭ་བརྒྱ་ཆ་87ལེགས་གྲུབ་ཟིན་ཡོད།
རྣམ་གྲངས་དེར་མ་དངུལ་བསྡོམས་འབོར་སྒོར་ཁྲི་6716.40བཏང་ཡོད་པ་དང་།ཆུ་སིམ་པའི་སོ་ཕག་སྨི་ངོས་གྲུ་160177.04བཏིང་ཡོད་ཅིང་དུམ་བུ་གཉིས་སུ་དབྱེ་ནས་དུས་གཅིག་ཏུ་ཨར་ལས་བྱས་ཡོད། རྣམ་གྲངས་ཀྱི་འཛུགས་སྐྲུན་ནང་དོན་གཙོ་བོའི་ནང་།ད་ཡོད་ཀྱི་མི་བགྲོད་ལམ་གྱི་ལམ་ངོས་ཀྱི་སོ་ཕག་བརྗེ་བ་དང་། ཁྲོན་པའི་ཁེབས་གཅོད་བརྗེ་བ་དང་ཉམས་གསོ། ཁང་ཕྱིའི་ངལ་གསོའི་རྐུབ་སྟེགས་མང་དུ་གཏོང་བ་སོགས་ཚུད་ཡོད།རྣམ་གྲངས་ལས་མཇུག་འགྲིལ་རྗེས་གྲོང་ཁྱེར་གྱི་ཆར་ཆུའི་བེད་སྤྱོད་ཕན་འབྲས་ཆེ་རུ་ནུས་ལྡན་གཏོང་བ་དང་། གྲོང་ཁྱེར་གྱི་ཆུ་འབུད་མ་ལག་གི་ཁུར་པོ་ཡང་དུ་གཏོང་བ། གྲོང་ཁྱེར་གྱི་མི་སྡོད་ཁོར་ཡུག་དང་།གྲོང་ཁྱེར་གྱི་རྣམ་པ། འཕེལ་རྒྱས་ཀྱི་སྤུས་ཚད་བཅས་ཁྱོན་ཡོངས་ནས་ལེགས་སུ་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་གྱི་ཁོ་ར་ཁོར་ཡུག་ལེགས་སུ་བཏང་སྟེ།མང་ཚོགས་ཀྱི་འཚོ་བ་དང་འགྲོ་སྐྱོད་ཀྱི་དགོས་མཁོ་དེ་བས་ལེགས་པ་སྐོང་ཐུབ་པར་བྱ་རྒྱུ་རེད།
གྲོང་མི་གུ་རུས། དེ་སྔའི་མི་བགྲོད་ལམ་རྙིང་པ་ཡིན་པས་འགྲོ་སྐྱོད་སྟབས་བདེ་པོ་དེ་ཙམ་མེད། ད་ཆ་རིམ་སྤོར་དང་སྒྱུར་བཀོད་བྱས་རྗེས།ཁྱོན་ཡོངས་ཀྱི་ཁོར་ཡུག་ལེགས་སུ་ཕྱིན་ནས་སླད་ཕྱིན་ང་ཚོ་འགྲོ་སྐྱོད་དེ་བས་སྟབས་བདེ་ཡོང་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་མཐོ་གསར་ཁུལ་བྱང་ཕྱོགས་ཚོགས་པའི་གྲོང་ཁྱེར་གྱི་འགྲོ་ལམ་འགྲིམ་འགྲུལ་དྲ་བ་2010ལོར་བསྐྲུན་ནས་བེད་སྤྱོད་བཏང་བ་དང་ད་བར་ལོ་14ཕྱིན་ཡོད། དེའི་ཁར་ཉེ་བའི་ལོ་ཤས་རིང་།མཐོ་གསར་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་པ་དང་སྡོད་མཁན་ཡང་མུ་མཐུད་མང་དུ་ཕྱིན་ཡོད། དེ་སྔའི་མི་བགྲོད་ལམ་ལ་སྐྱོན་ཤོར་བ་དང་ལོང་ལམ་བཀོད་སྒྲིག་མི་འདང་བ་སོགས་ཀྱི་གནད་དོན་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ནས་གྲོང་མིའི་འགྲོ་སྐྱོད་དང་གྲོང་ཁྱེར་གྱི་སྤུས་ཚད་གཏོད་རྒྱུར་ཤུགས་རྐྱེན་ཐེབས་ཡོད།
ལྷ་སའི་མཐོ་གསར་ཁུལ་གྱི་གྲོང་ཁྱེར་དོ་དམ་དང་གྲོང་ཁྱེར་གྱི་རྣམ་པ་དོ་དམ་ཅུས་རིམ་པ་བཞི་པའི་ཀྲུའུ་རེན་ཁོའོ་ཡོན་སུའུ་ཡན་ཅུན་གྱིས་གྲོང་ཁྱེར་གྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་མུ་མཐུད་ལེགས་སུ་བཏང་བ་བརྒྱུད།གྲོང་ཁྱེར་གྱི་རྣམ་པ་གསར་རྐྱང་དང་གྲོང་ཁྱེར་གྱི་ཆུ་སིམ་པའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ནས་མང་ཚོགས་ལ་སྐྱིད་སྣང་དོད་པའི་འཚོ་བའི་ཁོར་ཡུག་གཏོད་རྒྱུར་ཤུགས་སྣོན་བརྒྱབ་ཡོད།ཕྱིས་འབྱུང་། ང་ཚོས་རྣམ་གྲངས་ཀྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ།དུས་བཀག་ལྟར་ལས་མཇུག་འགྲིལ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
ལྷ་སའི་མཐོ་གསར་ཁུལ་གྱིས་ད་དུང་བྱང་ཕྱོགས་ཚོགས་པའི་གྲོང་ཁྱེར་གསར་སྒྱུར(སྣུམ་ནག་འདིང་བའི)རྣམ་གྲངས་ལེགས་གྲུབ་བྱས་པ་དང་། རྣམ་གྲངས་དེས་ཐུང་ཀྲན་ལམ་དང་། མིང་ཧྲི་ལམ། གྲོང་ཚོ་གསར་པའི་ལྷོ་ལམ། ཐའོ་ལི་ཁྲོམ་གཞུང་སོགས་ཚུད་པའི་མཐོ་གསར་ཁུལ་གྱི་བྱང་ཕྱོགས་ཚོགས་པའི་འགྲོ་ལམ་30ལ་སྔར་ཡོད་ཨར་འདམ་ལམ་ངོས་ཀྱི་སྐྱོན་ཆ་ཉམས་གསོ་དང་གསབ་སྐྲུན། སྣུམ་སྙིགས་བང་རིམ་གསར་སྐྲུན། སྤྱིར་བཏང་གི་ཚ་བཞུ་མཚོན་རྟགས་རྒྱག་པ། མཚོན་རྟགས་བྱང་བུ་ཁ་གསབ་སོགས་བྱས་ཡོད།
ལྷ་སའི་མཐོ་གསར་ཁུལ་དོ་དམ་ཨུ་ལྷན་འཛུགས་སྐྲུན་ཅུས་ཀྱི་ལས་དོན་མི་སྣ་བློ་བཟང་གིས། ཞིབ་ཕྲའི་ལག་བསྟར་གྱི་རིང་ཚད་ལ་སྤྱི་ལེ་19ཙམ་ཡོད། རྣམ་གྲངས་ལེགས་འགྲུབ་བྱུང་རྗེས་ལྷ་སའི་མཐོ་གསར་ཁུལ་གྱི་གྲོང་ཁྱེར་གྱི་ནུས་པ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། འགྲོ་ལམ་ཐོག་རླངས་འཁོར་གཏོང་བའི་བདེ་འཇགས་རང་བཞིན་དང་སྐྱིད་སྣང་དོད་པའི་རང་བཞིན་ཆེ་རུ་གཏོང་བ། གྲོང་ཁྱེར་གྱི་འབྱུང་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱ་རྒྱུ་རེད་ཅེས་བཤད།
ཉེ་བའི་ལོ་ཤས་རིང་།མཐོ་གསར་ཁུལ་གྱིས་གྲོང་ཁྱེར་འཛུགས་སྐྲུན་གྱི་ཞན་ཆ་གསབ་པ་དང་གྲོང་ཁུལ་གྱི་ལམ་དྲའི་གྲུབ་ཆ་ལེགས་སུ་བཏང་སྟེ། མང་ཚོགས་ཀྱི་འགྲོ་སྐྱོད་ཀྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་བསྐངས་ཡོད།“གསེར་ཁབ་རྣམ་པའི”བྱ་ཐབས་སྤྱད་དེ་གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་བ་དང་།“འཚེམ་དྲུབ་རྣམ་པའི”བྱ་ཐབས་སྤྱད་དེ་རྒྱུན་གཏན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་དེ་མི་ཚང་མས་བློ་ཡིད་ཚིམ་པའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་རྒྱུན་ཆད་མེད་པར་བསྐྲུན་ཡོད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社