(པར་ངོས་དང་པོར་མཐུད)ཁོངས་གཏོགས་ཁུལ་གྱི་གྲོང་མི་དང་དེ་བཞིན་གཞོན་ནུའི་ཚོགས་སྤྱི། སྡེ་ཁུལ་གྱི་ལས་དོན་མི་སྣ་སོགས་ལ་དཔེ་དེབ་མང་ཙམ་ཀློག་པ་དང་། དཔེ་དེབ་རྩེ་གྲ་ཀློག་རྒྱུའི་སྐུལ་ལྕག་བྱས་ནས་དཔེ་དེབ་ཀློག་པའི་མྱོང་ཚོར་དང་སྤྲོ་སྣང་ལོངས་སུ་སྤྱོད་ཐུབ་པར་བྱས་པ་རེད།
རྔ་ཆེན་ཁྲོམ་གཞུང་ཏང་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཆི་ཞའོ་ཅིང་གིས།རྗེས་མར་ང་ཚོས་འཁོར་རྒྱུག་དཔེ་དེབ་ཞབས་ཞུའི་ས་ཚིགས་དེ་མང་ཚོགས་ཀྱི་སྤྲོ་གསེང་བྱ་ཡུལ་དང་རིག་གནས་སྤེལ་རེས་ཀྱི་ཚོམས་ཆེན་ཞིག་ཏུ་བསྐྲུན་ནས་རྒྱ་ཆེའི་ཡུལ་མི་མང་ཚོགས་ཀྱིས་སྤུས་ལེགས་རིག་གནས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་དང་།རིག་གནས་ཀྱི་ནུས་པར་བརྟེན་ནས་ང་ཚོའི་རྔ་ཆེན་གྱི་རིག་གནས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་ཡུལ་མི་མང་ཚོགས་ལ་དེ་བས་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད།
རྔ་ཆེན་གྲོང་ཚོའི་འཁོར་རྒྱུག་དཔེ་དེབ་ཞབས་ཞུའི་ས་ཚིགས་བཙུགས་པ་དེས་རྔ་ཆེན་གྲོང་ཚོའི་རྒྱ་ཆེའི་ཡུལ་མི་མང་ཚོགས་ལ་སྤུས་ལེགས་ཀྱི་དཔེ་ཀློག་ཁོར་ཡུག་ཅིག་མཁོ་འདོན་བྱས་པར་མ་ཟད། དམངས་ཡོངས་ཀྱི་དཔེ་ཀློག་གི་འདུ་ཤེས་ལག་ལེན་གསོན་ཉམས་ལྡན་པ་ཞིག་ཀྱང་བྱུང་བས། རིག་དཔལ་དར་བའི་ལྷ་ས་བསྐྲུན་ཆེད་གཞི་རིམ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社