分享按钮

བདུན་པའི་ཚེས་བདུན་གྱི་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་གྱིས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་སྦྱིན་པ།

ཟླ་8ཚེས་9ཉིན་ཀྲེ་ཅང་ཞིང་ཆེན་ཧྲའོ་ཤིང་ཀྲུའུ་ཅི་གྲོང་ཁྱེར་ཏུང་པའེ་ཧུའུ་གྲོང་རྡལ་དུ་བདུན་པའི་ཚེས་བདུན་གྱི་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་འཚོགས་པ་དང་ཡུལ་སྐོར་བས་གནའ་བོའི་ཉམས་འགྱུར་ཁྲོད་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱས་ཡོད། 2013ལོར་ཏུང་པའེ་ཧུའུ་གྲོང་རྡལ་ཏུང་པའེ་རི་བོའི་བདུན་པའི་ཚེས་བདུན་གྱི་ཤོད་རྒྱུན་དེ་ཧྲའོ་ཤིང་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་ཚུད་ཡོད།ཉེ་བའི་ལོ་ཤས་རིང་ཏུང་པའེ་ཧུའུ་གྲོང་རྡལ་གྱིས་སྲོལ་རྒྱུན་དུས་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་རིག་གནས་དེ་གཞི་རྟེན་དུ་བྱས་ནས། གྲོང་གསེབ་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་ཧུར་ཐག་བཏོད་པ་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྒུལ་ནུས་གསར་པ་བསྣན་ཡོད། པར་འདི་ནི་ཉིན་དེར་མངོན་མིན་རིག་གནས་ཤུལ་བཞག་དམངས་སྲོལ་འཁྲབ་སྟོན་རུ་ཁག་གིས་ཏུང་པའེ་ཧུའུ་གྲོང་རྡལ་ཏེན་ནན་གྲོང་ཚོར་འཁྲབ་སྟོན་བྱེད་བཞིན་པའི་རྣམ་པ་ཡིན། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-11 6 6 拉萨日报藏文 c186062.html 1 བདུན་པའི་ཚེས་བདུན་གྱི་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་གྱིས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་སྦྱིན་པ། /enpproperty-->