分享按钮

(པར་ངོས་གཉིས་པར་མཐུད)བདེ་སྐྱིད་ལམ་བྱང་ངོས་དུམ་བུ།པེ་ཅིང་དཀྱིལ་ལམ།ཕོ་བྲང་པོ་ཏ་ལ་ཐང་ཆེན(མཇུག་སྣེ)བཅས་ཡིན།

ཡོངས་བསྒྲགས་ཚོགས་འདུའི་ཐོག་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།དེ་སྔའི་འགྲན་བསྡུར་དང་བསྡུར་ན་འདི་ལོའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་གི་འགྲན་ལམ་དེ་བས་ལེགས་པ་དང་གཞི་ཁྱོན་དེ་བས་ཆེ་བ་ཡོད་པར་མ་ཟད།ཁྲོམ་ར་ཅན་གྱི་གསར་སྤེལ་ལ་སྐུལ་འདེད་བཏང་ནས་གཞུང་ཕྱོགས་ཀྱི་སྦྱོང་བརྡར་སྒར་ས་གསར་སྣོན་བྱས་ཡོད་པ་རེད།བཀྲ་ཤིས་གཡང་ནོར“གཡག་ནོར་ནོར”ཐོན་པ་དེས་2024ལོའི་ལྷ་སའི་ལམ་ཕྱེད་མར་སུན་འགྲན་བསྡུར་ལ་གསོན་ཤུགས་དང་བཀྲག་མདངས་འཚེར་ས་གསར་པ་བསྣན་ཡོད།འགྲན་ལམ་ནང་བོད་རང་སྐྱོང་ལྗོངས་འགྲེམས་ཚོགས་ལྟེ་གནས་དང་།ལྷ་སའི་སྐྱིད་ཆུ།ལྷོ་རིའི་སྤྱི་གླིང་།ནོར་བུ་གླིང་ཁ།ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ།ཕོ་བྲང་པོ་ཏ་ལ་སོགས་མཛེས་ལྗོངས་བར་ཁྱམས་ཚུད་ཡོད་པས།འགྲན་ཞུགས་པས་ལྷ་སའི་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་ཐུབ་ཀྱི་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་།རང་གྲོང་གིས་དམངས་ཡོངས་ཀྱི་ལུས་སྦྱོང་གི་རྒྱལ་ཁབ་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱས་ནས་བདེ་ཐང་གི་ཀྲུང་གོ་དང་ལུས་རྩལ་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཡོད།ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་གཉེར་བ་དེས་རྒྱ་ཆེའི་རྒྱུག་ཤར་གློད་རྒྱུར་དགའ་པོ་བྱེད་མཁན་ཚོས་རང་ཉིད་ལ་འགྲན་སློང་དང་མཐར་སོན་ལས་བརྒལ་བའི་སྟེགས་བུ་ཞིག་མཁོ་འདོན་བྱས་པར་མ་ཟད།ལྷ་ས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བའི་སྐར་ཁུང་གལ་ཆེན་ཞིག་ཏུའང་གྱུར་ཡོད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-10 6 6 拉萨日报藏文 c186050.html 1 /enpproperty-->