分享按钮

བསྟན་རྒྱས་གླིང་སྡེ་ཁུལ་གྱིས་བློ་སེམས་ལྔའི་སློབ་གསོ་སྤེལ་ཏེ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

མང་ཚོགས་ཀྱི་ཉིན་རེ་བཞིན་སྣ་མང་ཅན་དུ་འགྱུར་བའི་ཞབས་ཞུའི་དགོས་མཁོ་དང་སྔར་བས་འཚམ་པར་བྱ་ཆེད། བར་སྐོར་ཁྲོམ་གཞུང་བསྟན་རྒྱས་གླིང་སྡེ་ཁུལ་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བར་དམ་འཛིན་དང་སྡེ་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་ལ་ལྷག་བསམ་རྣམ་དག་དང་། དམངས་ལ་དགའ་ཞེན་དངོས་བྱེད་པ། སྤྱོད་གཙང་རང་གཅུན། དབང་ཆ་སྤྱི་དོན་དུ་སྤྱོད་པ། ལས་སྒྲུབ་ལ་བསམ་གཞིགས་བྱེད་པ་བཅས་ཀྱི་བློ་སེམས་ལྔའི་སློབ་གསོ་བརྒྱབ་པ་བརྒྱུད། སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པའི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་ནས་མང་ཚོགས་ལ་རང་གཤིས་ཅན་དང་། སྣ་མང་ཅན། ཞིབ་ཚགས་ཅན་བཅས་ཀྱི་ཞབས་ཞུ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་སོང་ཡོད།

བསྟན་རྒྱས་གླིང་སྡེ་ཁུལ་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་སྤེན་པ་ཚེ་རིང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། སྡེ་ཁུལ་གྱིས་སློབ་སྦྱོང་གི་འཆར་གཞིའི་རེའུ་མིག་ཞིབ་ཕྲ་བཟོས་ཏེ།ལས་བྱེད་པ་དང་ལས་བཟོ་བ་དང་ལྷག་པར་དུ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ་དང་། ལྷག་པར་དུ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་སློབ་སྦྱོང་བྱེད་པར་ཤུགས་སྣོན་བརྒྱབ་པ་དང་། ཉེན་ཟོན་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱ་རྒྱུ་སྒྲིག་འཛུགས་བྱས་པ། སྡེ་ཁུལ་གྱི་ལས་བྱེད་པའི་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་བཏང་བར་བརྟེན་ནས་ཏང་ཡོན་གྱི་རང་ངོས་གསར་བརྗེའི་ནུས་པ་ཆེ་རུ་བཏང་བ། དེ་དང་ཆབས་ཅིག་ཏང་དར་འོག་ཏུ་དམ་བཅའ་བཞག་པ་དང་། 《ཞིང་བྲན》དང་《ཆུ་བོ་དམར་པོའི་ལུང་གཞུང》སོགས་རྒྱལ་གཅེས་ཀྱི་གཙོ་དོན་སློབ་གསོའི་གློག་བརྙན་ལ་བལྟས་པ། ཆིང་སྲིད་གཞུང་བོད་སྡོད་བློན་ཆེན་ཡ་མོན་གྱི་གནས་ཡུལ་རྙིང་པ་སོགས་རྒྱལ་གཅེས་རིང་ལུགས་ཀྱི་རྟེན་གཞིར་ལྟ་སྐོར་བྱས་པ་བརྒྱུད། སྤྱི་ཚོགས་གསར་རྙིང་བསྡུར་བའི་གཏམ་བཤད་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་།སེམས་རྣལ་དུ་ཕབ་སྟེ་སློབ་གསོ་བརྒྱབ་ནས་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་བཏང་བ་དང་། ཏང་ཡོན་ལས་བྱེད་པས་སྒྲིག་འགལ་ཁྲིམས་འགལ་གྱི་ཡིད་སྐྱོ་བའི་རིན་དོད་ལ་ཐད་ཀར་གདོང་ཐུག་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཏང་ཡོན་ལས་བྱེད་པས་དབང་ཆ་བེད་སྤྱོད་ཡང་དག་དང་ཁེ་ཕན་ལ་ལྟ་སྟངས་ཡང་དག་འཛིན་ནས་སྒྲིག་སྲོལ་དང་སྒྲིག་ཁྲིམས་བསྲུང་རྒྱུ་ནང་སེམས་རྒྱུད་དུ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་བྱས་ཡོད།

མི་དམངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུས་ནས་གྲོང་མི་མང་ཚོགས་ཀྱི་ཐོབ་སྣང་ཟམ་མི་ཆད་པར་ཆེ་རུ་གཏོང་ཆེད། སྡེ་ཁུལ་དེས་ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། ང་ནི་མང་ཚོགས་ཀྱི་ཞབས་ཞུ་བ་དང་ལས་ཚབ་པ་ཡིན་ཞེས་པའི་བྱེད་སྒོ་མུ་མཐུད་སྤེལ་ཏེ།ཁོངས་གཏོགས་ཁུལ་གྱི་ལས་ཐོག་ཏང་ཡོན་སྐུལ་སློང་ཧུར་ཐག་བྱས་ནས་དང་བླངས་ཞབས་བསྒྲུབས་པ་དང་།ཏང་ཡོན་ལས་བྱེད་པས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་བརྟན་པོར་བཙུགས་ཡོད། དུས་མཚུངས་སུ་ཏང་ཡོན་དང་དཀའ་ངལ་ཡོད་པའི་མང་ཚོགས་སྒྲིག་འཛུགས་བྱས་ནས་གཉེན་ཉེ་ངོས་འཛིན་བྱས་པ་བརྒྱུད་བསམ་པ་དང་དངོས་པོའི་ཐད་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་ཧུར་ཐག་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཏང་གི་དྲོ་སྐྱིད་ཟབ་མོ་ཚོར་དུ་བཅུག་ཡོད། ཏང་ཡོན་ལས་བྱེད་པས་ཞོགས་ཇའི་དོན་གྲོས་ཁང་དུ་ལས་གནས་བརྟན་སྲུང་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད།སྡེ་ཁུལ་གྱི་བློ་སེམས་བཞི་དང་། ཤུགས་ཆེར་གཏོང་བ་བཞི།བརྩོན་ལེན་བཞི། “3+X”ཞེས་པའི་ལས་ཀའི་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་བཅས་ལ་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། ཁོངས་གཏོགས་ཁུལ་གྱི་གྲོང་མིའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་ཏེ།སྤྱོད་ཚུལ་སྔར་བས་ལེགས་སུ་བཏང་ནས་སྡེ་ཁུལ་གྱི་ལས་དོན་པའི་ལས་སྒྲུབ་ཀྱི་ནུས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

སྤེན་པ་ཚེ་རིང་གིས་སྡེ་ཁུལ་གྱི་བློ་སེམས་ལྔའི་སློབ་གསོར་ཕན་འབྲས་རགས་ཙམ་ཐོབ་པ་སྟེ། གཅིག་ནས་ལས་བྱེད་པའི་ལས་ཀའི་སྤྱོད་ཚུལ་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད། དེ་སྔའི་གཞན་དབང་གིས་གནད་དོན་ཐག་གཅོད་བྱེད་པ་ནས་ད་ཆ་རང་འགུལ་ངང་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་དེ་གནད་དོན་ལ་ཤེས་རྟོགས་དང་ཐག་གཅོད་བྱེད་པ་དང་། མང་ཚོགས་ཀྱི་བྱ་བ་རང་ཉིད་ཀྱི་བྱ་བར་བརྩིས་ནས་སྒྲུབ་ཀྱི་ཡོད། གཉིས་ནས་མང་ཚོགས་ཁྲོད་ཏང་ཡོན་ལས་བྱེད་པས་སྔར་ལས་ལྷག་པའི་ཞབས་ཞུ་བསྒྲུབས་ཡོད། དམངས་ལ་ཕན་པའི་ལས་དོན་སྣ་ཚོགས་སྤེལ་བ་བརྒྱུད་མང་ཚོགས་ཁྲོད་ཏང་ཡོན་ལས་བྱེད་པའི་གཟུགས་བརྙན་སྔར་བས་ལེགས་སུ་ཕྱིན་ཡོད་ཅེས་བཤད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-10 6 6 拉萨日报藏文 c186039.html 1 བསྟན་རྒྱས་གླིང་སྡེ་ཁུལ་གྱིས་བློ་སེམས་ལྔའི་སློབ་གསོ་སྤེལ་ཏེ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། /enpproperty-->