分享按钮

2024ལོའི་དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོའི་སྡེ་ཁུལ་ལུས་རྩལ་འགྲན་ཚོགས་ཚ་ཚ་འུར་འུར་ངང་འགོ་ཚུགས་པ།

ཟླ་8ཚེས་8ཉིན།ལྷ་སའི་2024ལོའི་དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོའི་སྡེ་ཁུལ་ལུས་རྩལ་འགྲན་ཚོགས་ཚ་ཚ་འུར་འུར་ངང་འགོ་ཚུགས་ཤིང་།པར་འདི་ནི་འགྲན་བསྡུར་འགོ་ཚུགས་པའི་ཡུལ་དངོས་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།མང་ཚོགས་ཀྱིས་ཨོ་རྩལ་འགྲན་ཚོགས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་པའི་སྤྲོ་སེམས་སྔར་བས་འཕེལ་བ་དང་མང་ཚོགས་ཀྱིས་དམངས་ཡོངས་ཀྱི་ལུས་སྦྱོང་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱ་ཆེད། ཟླ་8ཚེས་8ཉིན།ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་ར་ཁ་ཆོས་འཁོར་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱིས་གཞོགས་འདེགས་བྱས་ནས་གཉེར་བའི་ལྷ་སའི་2024ལོའི་དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོའི་སྡེ་ཁུལ་ལུས་རྩལ་འགྲན་ཚོགས་ཚ་ཚ་འུར་འུར་ངང་སྤེལ་འགོ་ཚུགས་པ་རེད།

ད་ཐེངས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོའི་སྡེ་ཁུལ་ལུས་རྩལ་འགྲན་ཚོགས་ཀྱི་གཙོ་དོན་ནི་དམངས་ཡོངས་ཀྱི་ལུས་སྦྱོང་དང་ཨོ་རྩལ་འགྲན་ཚོགས་མཉམ་དུ་སྤེལ་ཞེས་པ་དེ་ཡིན་པ་དང་།དར་དམར་ཁྲོམ་གཞུང་གི་སྡེ་ཁུལ་དང་གྲོང་ཚོ(གྲོང་ལྷན)4ཡི་གྲོང་མི་མང་ཚོགས་200ལྷག་ཙམ་འགྲན་ཚོགས་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད། ལུས་རྩལ་འགྲན་ཚོགས་ལ་ཚོགས་པའི་འགྲན་བསྡུར་དང་མི་སྒེར་གྱི་འགྲན་བསྡུར་ཞེས་རིཊ་གཉིས་བཀོད་སྒྲིག་བྱས་ཡོད་ཅིང་། རྣམ་གྲངས་ནང་ཐག་འཐེན་དང་། ཐེ་པེ། ཐག་མཆོང་སོཊ་ཚུད་ཡོད།སྤྲོ་སྣང་དང་མཉམ་ལས་རང་བཞིན་གཞི་གཅིག་ཏུ་འདུས་པའི་རྣམ་གྲངས་ལས་ཚང་མར་ལུས་རྩལ་གྱི་སྤྲོ་སྣང་ལ་མྱོང་རོལ་ཐུབ་པར་མ་ཟད།གྲོང་མིའི་དབར་གྱི་འབྲེལ་གཏུགས་སྤེལ་རེས་ཀྱང་ཟབ་ཏུ་ཕྱིན་ཡོད།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-10 6 6 拉萨日报藏文 c186035.html 1 2024ལོའི་དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོའི་སྡེ་ཁུལ་ལུས་རྩལ་འགྲན་ཚོགས་ཚ་ཚ་འུར་འུར་ངང་འགོ་ཚུགས་པ། /enpproperty-->