分享按钮

ལྷུན་གྲུབ་རྫོང་བཅོམ་མདོ་གྲོང་ཚོས“སློབ་ཁྲིད་བྱ་ཐབས་རིགས་ལྔ”ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མང་ཚོགས་ཀྱི་སེམས་སུ་འཇགས་པར་བྱས་པ།

པར་འདི་ནི་བཅོམ་མདོ་གྲོང་ཚོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཞིང་འབྲོག་མང་ཚོགས་ལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པའི་རྣམ་པ་ཡིན།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཞིང་འབྲོག་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་འཇགས་པར་བྱ་ཆེད། ཉིན་ཤས་བསྟུད་མར་ལྷུན་གྲུབ་རྫོང་བཅོམ་མདོ་གྲོང་ཚོས་སྒྲོག་འགྲེལ་བྱེད་སྟངས་གསར་དུ་བཏོད་དེ“སློབ་ཁྲིད་བྱ་ཐབས་རིགས་ལྔའི”རྣམ་པར་བརྟེན་ནས་ཏང་གི་གསུང་སྒྲ་སྙན་པོ་བརྒྱུད་བསྒྲགས་བྱས་པས།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད།

“སློབ་ཁྲིད་བྱ་ཡུལ་གཙོ་བོ”བཏོད་དེ་སློབ་སྦྱོང་གི“རྣམ་པ་ཟབ་མོ”བརྟན་དུ་བཏང་བ།

བཅོམ་མདོ་གྲོང་ཚོས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། ཏང་གི་གཙོ་དོན་ཉིན་མོ། གཟའ་འཁོར་གྱི་འཆར་ཅན་ཚོགས་འདུ་སོགས་གཞི་རྟེན་དང་ཟུང་འབྲེལ་ནུས་ལྡན་བྱས་ཏེ། ཏང་ཡོན་བྱེད་སྒོ་ཁང་དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས། གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་རྒྱང་སྒྲོག་སོགས་བེད་སྤྱོད་གང་ལེགས་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་དང་སློབ་སྦྱོང་གཏིང་ཟབ་བྱས་ཡོད། མིག་སྔའི་བར། ཏང་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ལ་བརྟེན་ནས་སྒྲོག་འགྲེལ་ཐེངས་5དང་། གཟའ་འཁོར་གྱི་འཆར་ཅན་ཚོགས་འདུའི་ཐོག་སློབ་སྦྱོང་ཐེངས་3 ཤེས་དཔལ་ལག་ལེན་གྱི་བྱེད་སྒོ་ཐེངས་1 རྒྱང་སྒྲོག་དྲིལ་བསྒྲགས་ཐེངས་16བཅས་བྱས་ཏེ། སློབ་སྦྱོང་གི་ཁོར་ཡུག་ཟབ་མོ་ཏན་ཏིག་བཏོད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་སུ་གཏིང་ཟབ་འཇགས་པར་བྱས་པར་མ་ཟད།གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད།

“གསར་བརྗེའི་སློབ་ཚན”བཏོད་ནས་སློབ་སྦྱོང་གི“དབྱངས་རྟ་གཙོ་བོ”སྐད་གསང་མཐོན་པོས་བླངས་པ།

བཅོམ་མདོ་གྲོང་ཚོས་ཏང་ཡོན་མང་ཚོགས་སྒྲིག་འཛུགས་བྱས་ཏེ། ལྷ་ས་དང་ཉིང་ཁྲི་རུ་གསར་བརྗེའི་གློག་བརྙན་ལྟ་སྐོར་སོགས་བྱས་པས་སྒྱུར་བཅོས་འཕེལ་རྒྱས་ཀྱིས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཕན་ཐོགས་བྱུང་བ་ཚང་མས་དངོས་སུ་ཚོར་ཐུབ་ཡོད། དེ་དང་ཆབས་ཅིག་ཏང་ཡོན་རྒན་གྲས་དང“ལེགས་གཉིས་སྔོན་གཅིག”སོགས་ཉེ་འཁོར་གྱི་སྔོན་ཐོན་དཔེ་མཚོན་གྱིས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བའི་ནུས་པ་བེད་སྤྱོད་ཡག་པོ་བྱ་རྒྱུར་སྣང་ཆེན་བྱས་པ་དང་། དཔེ་མཚོན་ལྡན་པའི་ཏང་ཡོན་རྒན་གྲས་3གསོ་སྐྱོང་བྱས་ནས་བོད་གསར་རྙིང་བསྡུར་བའི་སྒྲོག་འགྲེལ་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། བབ་ཆགས་པའི་སྐད་ཆའི་ཐོག་ནས་ཏང་ཡོན་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱེད་པའི་ཐད་ཁྲིད་སྟོན་བྱས་ཡོད།

“སྐོར་སྐྱོད་སློབ་ཁྲིད”བཏོད་ནས་སློབ་སྦྱོང་གི“མཆོང་སྐྱོད་ཆེན་པོར”སྐུལ་འདེད་བཏང་བ།

བཅོམ་མདོ་གྲོང་ཚོས་དྲ་མིག་ཅན་གྱི་དོ་དམ་གསར་དུ་བཏོད་ནས་མཉམ་འབྲེལ་དུད་ཚང་གི་འགོ་འཛིན་26ཚང་མ“1+N”རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ཡན་ལག་རུ་ཁག་ཆུང་གྲས་ནང་བཅུག་སྟེ། དྲ་མིག་ཅན་གྱི་སྒྲོག་འགྲེལ་ཧུར་ཐག་བཏོད་ཡོད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་རྒྱུན་དུ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་དམངས་སྲོལ་བྱེད་སྒོ་སྣ་ཚོགས་དང་ཟུང་འབྲེལ་བྱས་ཐོག རྩྭ་ར་དང་། འབྲོག་ས། ཞིང་ཐང་། ཞིང་ཁྱིམ་བཅས་སུ་བསྐྱོད་དེ་སྲིད་ཇུས་སྒྲོག་འགྲེལ་བྱས་ནས་འགྱུར་ལྡོག་དང་འཕེལ་རྒྱས་གླེང་བར་ཞིང་འབྲོག་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་པར་མ་ཟད། མང་ཚོགས་ཀྱི་དོགས་གནད་བསལ་ཡོད། བྱ་ཐབས་དེ་དག་བརྒྱུད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་འཇགས་པར་བྱས་ཡོད། མིག་སྔར། རིགས་པའི་གཞུང་ལུགས་སློབ་སྦྱོང་གི་དྲ་མིག་ཅན་གྱི་སྒྲོག་འགྲེལ་ཐེངས་50ལྷག་ཙམ་བྱས་ནས་སློབ་སྦྱོང་གི་རྣམ་པ་བཟང་པོ་བཏོད་ཡོད།

“མཛུབ་སྟོན་སློབ་ཁྲིད”བཏོད་དེ་སློབ་སྦྱོང་གི“རྒྱུན་མི་ཆད་པར”བྱས་པ།

བཅོམ་མདོ་གྲོང་ཚོས་སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་སྐད་འཕྲིན་སོགས་དྲ་རྒྱའི་སྟེགས་བུ་གང་ལེགས་སྤྱད་དེ“དྲ་ཐོག་དང་དྲ་ཕྱི”ཟུང་འབྲེལ་མཐའ་འཁྱོངས་བྱས་ནས། ཏང་གི་མཛད་ཕྱོགས་སྲིད་ཇུས་དང་། རིགས་པའི་གཞུང་ལུགས་གསར་ཤོས། དམངས་ཕན་ཞིང་ཕན་སྲིད་ཇུས་སོགས་གཙོ་གནད་ཁྱབ་སྤེལ་གྱི་ནང་དོན་དུ་བཅུག་པ་དང་། པར་རིས་དང་། སྒྲ་ལྡན། བརྙན་ལམ་སོགས་ཀྱི་རྣམ་པའི་ཐོག་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་སློབ་སྦྱོང་གི་སྤྲོ་སྣང་སྔར་བས་ཆེ་རུ་བཏང་བས་སློབ་སྦྱོང་གི་རྣམ་པ་བཟང་པོ་འཕེལ་ཡོད།

མིག་སྔར་བཅོམ་མདོ་གྲོང་ཚོས་ཏང་གི་སྤྱི་ཁྱབ་ཀྲི་པུའུ་དང་ཚོགས་ཆུང་གི་སྐད་འཕྲིན་ཚོགས་པ་བརྒྱུད། སྔ་རྗེས་སུ“མིང་ཚིག་གསལ་འགྲེལ”དང“བོད་གསར་རྙིང་བསྡུར་བ”སོགས་བརྙན་ཐུང་ཁག་5ཕབ་འཇུག་བྱས་པ་དང་། བརྙན་ཐུང་དང་པར་རིས་ཡོད་པའི་རྩོམ་ཡིག་ཁག་11ཁྱབ་སྤེལ་བྱས་ནས་ཏང་ཡོན་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཀྱི་སློབ་གསོའི་རྒྱུན་མི་ཆད་པར་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཏན་ཏིག་བྱས་ཡོད།

“ལག་ལེན་སློབ་ཁྲིད”བཏོད་དེ“མང་ཚོགས་ལ་བྱ་བ་དངོས”སྒྲུབ་པ།

བཅོམ་མདོ་གྲོང་ཚོས“ངས་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པའི”བྱེད་སྒོ་སྤེལ་བ་དང་སློབ་སྦྱོང་སྒྲོག་འགྲེལ་ཟུང་འབྲེལ་དམ་ཚགས་བྱས་ཏེ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་དང་། “ཉིན་བརྒྱའི་རིང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་བརྟག་ཞིབ་ཆེན་པོ་བྱེད་པ”སོགས་ཀྱི་བྱེད་སྒོ་ནུས་ལྡན་ལ་བརྟེན་ནས་མང་ཚོགས་ཀྱི་བསམ་ཚུལ་དང་རེ་འདོད་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་དང་། ཐོན་སྐྱེད་དང་འཚོ་བའི་ཁྲོད་འཕྲད་པའི་དཀའ་ངལ་རྒྱ་ཁྱབ་ངང་ཉན་པ་དང་འབྲེལ“ཞབས་ཞུའི་རྩིས་ཐོ”བཟོས་ནས་དོན་ཚན་རེ་རེ་བཞིན་ཐག་གཅོད་བྱས་ཡོད། རང་འགུལ་ངང་འབྲེལ་ཡོད་སྡེ་ཚན་དང་འབྲེལ་མཐུད་བྱས་ཏེ། མང་ཚོགས་ཀྱི་གྲོང་ཚོའི་འགྲོ་ལམ་ཉམས་གསོ་དང་། འཚོ་བའི་ཆུ་སྤྱོད། མེ་ཟོན་བདེ་འཇགས་སོགས་དཀའ་ཚེགས་ཆེ་བའི་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱས་ཐོག དུས་རབས་གསར་པའི་བཅོམ་མདོ་གྲོང་ཚོས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཐབས་ལམ་གསར་པ་ཧུར་ཐག་བཏོད་ནས་གྲོང་གསེབ་དར་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རོགས་རམ་བྱས་ཡོད།

ཕྱིས་འབྱུང་། བཅོམ་མདོ་གྲོང་ཚོས་མུ་མཐུད་མི་དམངས་མང་ཚོགས་ཀྱི་འཚོ་བར་འཕྲད་པའི་དཀའ་ངལ་ཡོད་དོ་ཅོག་ལ་དོ་ཁུར་བྱས་ནས་མང་ཚོགས་ཀྱི་དཀའ་ངལ་དང་དགོས་མཁོ་རེ་རེ་བཞིན་ཐག་གཅོད་བྱས་ཏེ། སློབ་སྦྱོང་སྒྲོག་འགྲེལ་གྱི་ཕན་ནུས་བཟང་པོ་ཐོན་པར་བྱ་རྒྱུ་རེད། (བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-09 6 6 拉萨日报藏文 c186024.html 1 ལྷུན་གྲུབ་རྫོང་བཅོམ་མདོ་གྲོང་ཚོས“སློབ་ཁྲིད་བྱ་ཐབས་རིགས་ལྔ”ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མང་ཚོགས་ཀྱི་སེམས་སུ་འཇགས་པར་བྱས་པ། /enpproperty-->