ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་6ཉིན་གྱི་སྔ་དྲོར། གྲོང་ཁྱེར་ཡོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་སྐྱོད་ལ་དབྱེ་ཞིབ་དང་བཀོད་གཏོང་གི་ཚོགས་འདུ་འཚོགས་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་འབྲེལ་ཡོད་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་བརྡ་ཁྱབ་བཏང་བ། རྫོང(ཆུས)དང་ནུས་པའི་གླིང་ཁུལ་ཁག་གི་ལས་དོན་སྙན་ཞུར་ཉན་པ། མིག་སྔའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་དཔལ་འབྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲི་འཁུར་སེམས་དང་དགོས་གཏུག་གི་བསམ་པ་སྔར་བས་ཆེ་རུ་གཏོང་བ་དང་། ཡིད་ཆེས་ཆེན་པོ་དང་ནུས་ཤུགས་ཡོད་རྒུ་འདོན་པ། དུས་བསྟུན་ཡར་སྐྱོད་དང་གྲུབ་འབྲས་སྲ་བརྟན་གཏོང་བ་བཅས་བྱས་ཏེ་དུས་ཚིགས་གསུམ་པར་ནུས་ཤུགས་ཡོད་རྒུས་གདོང་མཆོང་བྱས་ཐོག་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས།
ཤའོ་ཡིའུ་ཚའེ་ཡིས་གསུངས་དོན། འདི་ལོའི་ཚུན་དུ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བརྟན་པོའི་ངང་ལེགས་སུ་ཕྱིན་པ་དང་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་ཆེས་ཆེར་མཐོ་རུ་ཕྱིན་ཡོད་མོད། འོན་ཀྱང་མཐོང་ཆེན་བྱེད་ཚད་མི་འདང་བ་དང་། རྣམ་གྲངས་ལ་སྐུལ་འདེད་ནུས་ལྡན་བཏང་མེད་པ། བྱ་ཐབས་དང་ཐབས་ཤེས་མང་པོ་མེད་པ། བསམ་བློའི་སྤྱོད་ཚུལ་དོན་དངོས་དང་མི་མཐུན་པ་བཅས་ཀྱི་གནད་དོན་ལ་ངོས་འཛིན་གསལ་པོ་བྱེད་དགོས། ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་བྱ་ཐབས་ནུས་ལྡན་སྤྱད་དེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།
ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན། དུས་ཚིགས་གསུམ་པ་ནི་ནུས་ཤུགས་ཡོད་རྒུས་གདོང་མཆོང་དང་འགག་སྒྲོལ་དཀའ་སེལ་གྱི་འགག་རྩའི་དུས་སྐབས་ཤིག་ཡིན་པས། དུས་ཚོད་ཛ་དྲག་པ་དང་། ལས་འགན་ལྕི་བ། གནོན་ཤུགས་ཆེ་བ་བཅས་ཡོད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཚ་ཚ་འུར་འུར་དང་དུས་ཚོད་སྐར་ཆ་རེ་རེར་ངེས་པར་དུ་བརྩོན་ལེན་བྱས་ཏེ་ཆོད་སེམས་སྔར་བས་ཆེ་བ་དང་། བྱེད་ཐབས་སྔར་བས་ཏན་ཏིག འགན་འཁྲི་སྔར་བས་ནན་པ་བཅས་ཀྱི་ཐོག་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ།
འགན་འཁྲི་སྒྲུབ་པར་འབད་བརྩོན་བྱེད་དགོས་ཤིང་། ཟླ་རེའི་བཀོད་གཏོང་དང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社