分享按钮

ཞོ་སྟོན་རིང་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁུལ་གཉིས་ལ་ལྟ་སྐོར་བྱེད་ཆོག

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། འདི་ལོའི་ཞོ་སྟོན་རིང་།བོད་ལྗོངས་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་གིས་བཤམས་མཛོད་ཁང་སྒོ་ཕྱེ་བའི་དུས་ཚོད་ཆེད་མངགས་ལེགས་སྒྲིག་བྱས་ཤིང་།མིག་སྔར་འགྲེམས་སྟོན་བྱེད་བཞིན་པའི་ཤོག་དྲས་འདྲ་གཟུགས་ཀྱི་སྒྱུ་རྩལ་འགྲེམས་སྟོན་དང་གསར་བརྗེའི་རིག་གནས་ཀྱི་དམིགས་བསལ་འགྲེམས་ཁུལ་ལའང་རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།

ཤོག་དྲས་འདྲ་གཟུགས་སྒྱུ་རྩལ་འགྲེམས་ཁུལ་དུ་སྐྱོད་སྐབས་ངོ་མཚར་ཆེ་བའི་ཤོག་དྲས་འདྲ་གཟུགས་བརྩམས་ཆོས་ལ་མི་རྣམས་ཀྱིས་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་ཡོད། ལྟད་མོ་བ་སྐལ་བཟང་སྟོབས་ལགས་ཀྱིས་ཤོག་དྲས་འདྲ་གཟུགས་ཐོག་གི་མི་སྣ་དང་། སྐྲུན་དངོས། སྲོག་ཆགས་སོགས་ཀྱི་གཟུགས་བརྙན་འདྲ་མིན་སྣ་ཚོགས་ཡོད་པར་དོན་སྙིང་ཧ་ཅང་ཆེན་པོ་འདུག སྤུས་ལེགས་ཀྱི་ཤོག་དྲས་འདྲ་གཟུགས་དེ་དག་ལས་ང་ལ་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་མྱོང་ཚོར་ཟབ་མོ་བྱུང་། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ས་ཆ་དེ་བས་མང་བར་ཁྱབ་སྤེལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།

ཤོག་དྲས་སྒྱུ་རྩལ་གྱི་འགྲེམས་སྟོན་ཕུད། བོད་ལྗོངས་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་གི་ཐོག་སོ་གཉིས་པའི་འགྲེམས་སྟོན་ཁུལ་དུ་གསར་བརྗེའི་རིག་གནས་ཀྱི་དམིགས་བསལ་འགྲེམས་སྟོན་ཡང་ཡོད་པ་རེད། འགྲེམས་སྟོན་དེ་ནི་བོད་ལྗོངས་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་དང་ནན་ཁྲང་ཤིན་སི་ཅུན་དམག་དཔུང་གི་གནས་ཡུལ་རྙིང་པའི་འགྲེམས་སྟོན་ཁང་གིས་མཉམ་འབྲེལ་ཐོག་གཉེར་བ་ཞིག་ཡིན་པ་དང་། འགྲེམས་པང་དང་ལོ་རྒྱུས་པར་རིས་བརྒྱུད།ཤིན་སི་ཅུན་བཙུགས་པ་ནས་རི་འགོག་དམག་འཁྲུག་གི་གཡུལ་སར་བསྐྱོད་པའི་བར་གྱི་ལམ་བུ་དང་འཕེལ་རྒྱས་སྟོབས་ཆེར་ཕྱིན་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཁྱོན་ཡོངས་ནས་འགྲེམས་སྟོན་བྱས་ཡོད་ཅིང་།ཚང་མས་གསར་བརྗེའི་སྙིང་སྟོབས་དང་གསར་བརྗེའི་དྲན་ཤེས་བརྒྱུད་སྤྲོད་བྱེད་པ་དང་།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-08 6 6 拉萨日报藏文 c185995.html 1 ཞོ་སྟོན་རིང་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁུལ་གཉིས་ལ་ལྟ་སྐོར་བྱེད་ཆོག /enpproperty-->