(པར་ངོས་གཉིས་པར་མཐུད)རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞིང་། ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་ནི་གནད་འགག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།རང་རེའི་ཏང་གིས་ཕྱོགས་གང་ཅིའི་ལམ་ལུགས་སྒྱུར་བཅོས་དང་འཐུས་ཚང་དུ་བཏང་བ་བརྒྱུད།རྨང་གཞི་བརྟན་དུ་བཏང་བ་དང་ཀ་གདུང་འཛུགས་པ་ནས་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་རྨང་བསགས་སྟོབས་འཕེལ་བྱས་པའི་བར་དང་། དེ་ནས་མ་ལག་འདུས་གྲུབ་དང་མཐུན་སྦྱོར་ལས་ཆོད་ཆེ་བའི་བར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་ལས་གནད་སྨིན་འཐུས་ཚང་དང་སྔར་ལས་གཏན་འཁེལ་ཡོང་བར་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་དགོས་ན།ངེས་པར་དུ་ལམ་ལུགས་འཛུགས་སྐྱོང་ལ་སྔར་བས་མཐོང་ཆེན་དང་། རྩེ་རིམ་ཇུས་འགོད་དང་སྤྱིའི་འཆར་འགོད་ལ་ཤུགས་སྣོན་རྒྱག་པ། རྨང་གཞི་བརྟན་དུ་གཏོང་བ་དང་། དགེ་མཚན་འདོན་སྤེལ། ཞན་ཆ་གསབ་པ་བཅས་དང་། གཏོར་འཛུགས་མཉམ་དུ་སྤེལ་བ་དང་སྔོན་འཛུགས་རྗེས་གཏོར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ལམ་ལུགས་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས།
ལྔ་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་མཐའ་འཁྱོངས་དང་། ཁྲིམས་སྐྱོང་གི་ལམ་བུའི་ཐོག་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་དང་ཁྲིམས་སྐྱོང་ཕན་ཚུན་གཅིག་གྱུར་ཡོང་བར་བྱེད་པ། སྒྱུར་བཅོས་གལ་ཆེན་ལ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་དང་། སྒྱུར་བཅོས་ཀྱི་གྲུབ་འབྲས་དུས་ཐོག་ཏུ་བཅའ་ཁྲིམས་ལམ་ལུགས་སུ་གོང་འཕེལ་གཏོང་དགོས་པ་བཅས་ཀྱི་ཐད། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་སྒྱུར་བཅོས་ཀྱི་འགན་སྲུང་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།རང་རེའི་ཏང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དེ་ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་གི་ཁོངས་སུ་བཅུག་སྟེ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། ཁྲིམས་སྐྱོང་འོག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། སྒྱུར་བཅོས་ཁྲོད་ཁྲིམས་སྐྱོང་འཐུས་ཚང་དུ་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ། སྒྱུར་བཅོས་ཀྱི་ཐབས་ཇུས་དང་ཁྲིམས་འཛུགས་ཀྱི་ཐབས་ཇུས་ཕན་ཚུན་གཅིག་གྱུར་དང་ཕན་ཚུན་འབྲེལ་མཐུད་བྱེད་པར་མཐོང་ཆེན་བྱས་ནས།ཁྲིམས་འཛུགས་ཀྱིས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་དགོས་མཁོ་དང་རང་འགུལ་ངང་འཚམ་པར་བྱས་ཐོག་སྒྱུར་བཅོས་ལ་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད།ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བར་ལམ་ལུགས་གསར་གཏོད་ཀྱི་དཀའ་གནད་མང་པོ་ཞིག་ཁྲིམས་སྐྱོང་གི་རྣམ་པའི་ཐོག་ནས་ཐག་གཅོད་དགོས་པ་དང་། སྒྱུར་བཅོས་ཀྱི་གྲུབ་འབྲས་གལ་ཆེན་མང་པོ་ཞིག་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་སྲ་བརྟན་དུ་གཏོང་དགོས་པས། ངེས་པར་དུ་ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་གི་རྣམ་པའི་ཐོག་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུར་སྔར་བས་དོ་སྣང་བྱས་ཏེ་ཁྲིམས་སྐྱོང་གི་ཁྲིད་སྟོན་དང་། སྐུལ་འདེད། ཚད་ལྡན། འགན་སྲུང་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
དྲུག་པ། མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས། སྲིད་གཞུང་དང་ཁྲོམ་ར། ལས་ཆོད་དང་དྲང་གཞག གསོན་ཤུགས་དང་སྒྲིག་ལམ། འཕེལ་རྒྱས་དང་བདེ་འཇགས་སོགས་ཀྱི་འབྲེལ་བ་གལ་ཆེན་ཐག་གཅོད་ཡག་པོ་བྱས་ནས་སྒྱུར་བཅོས་ཀྱི་མ་ལག་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་གོང་མཐོར་གཏོང་དགོས་པའི་ཐད། མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱ་རྒྱུ་ནི་སྒྱུར་བཅོས་ཀྱི་བསམ་བློ་གཏོང་སྟངས་དང་ལས་ཀ་བྱེད་སྟངས་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་སྒྱུར་བཅོས་ཀྱི་རྩེ་རིམ་ཇུས་འགོད་དང་ཁྱོན་ཡོངས་ཀྱི་འཆར་འགོད་ལ་ཤུགས་སྣོན་བརྒྱབ་སྟེ། ཁྱབ་ཁོངས་ཁག་གི་སྒྱུར་བཅོས་ཀྱི་འབྲེལ་བའི་རང་བཞིན་དང་སྒྱུར་བཅོས་བྱེད་ཐབས་ཁག་གི་མཐུན་སྦྱོར་རང་བཞིན་ཁོང་དུ་ཆུད་པར་མཐོང་ཆེན་བྱས་པ་དང་། སྒྱུར་བཅོས་དང་།འཕེལ་རྒྱས།བརྟན་ལྷིང་བཅས་ཀྱི་འབྲེལ་བ་གཅིག་གྱུར་ངང་འཆར་འགོད་བྱས་ཏེ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཕྱོགས་ཁག་དང་། རིམ་པ་ཁག རྒྱུ་རྐྱེན་ཁག་བཅས་ལ་མཐུན་སྦྱོར་དང་ཤུགས་རྐྱེན་ཐེབས་པར་བྱས་ནས་སྒྱུར་བཅོས་མ་ལག་འདུས་གྲུབ་དང་མཐུན་སྦྱོར་ལས་ཆོད་ཆེ་བར་སྐུལ་འདེད་བཏང་ཡོད།ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་དགོས་ན། མདུན་དུ་ལྷགས་པའི་འགལ་བ་སྣ་ཚོགས་དང་དེའི་འབྲེལ་བ་སྔར་ལས་རྙོག་འཛིང་ཆེ་བས། ངེས་པར་དུ་གཅིག་གྱུར་འཆར་འགོད་དང་རྩོད་སྒྲུབ་ཀྱི་ཐབས་ཇུས་ལག་བསྟར་བྱས་ཏེ། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་འབྲེལ་བ་གལ་ཆེན་ཐག་གཅོད་ཡག་པོ་བྱས་ནས་སྒྱུར་བཅོས་ཀྱི་མ་ལག་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་གོང་མཐོར་གཏོང་དགོས།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社