分享按钮

ཞོ་སྟོན་རིང་རྟ་རྒྱུག་འགྲན་བསྡུར་ནང་ ཞུགས་མཁན་ཧ་ཅང་མང་བ།

(པར་ངོས་དང་པོར་མཐུད)ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་ནས་ཡོང་བའི་འགྲན་ཞུཊ་མཁན་པ་པས་ད་ཐེངས་ང་རང་ཞོ་སྟོན་གྱི་རྟ་རྒྱུག་འགྲན་བསྡུར་ནང་མདའ་འཕེན་པ་དང་ཁ་བཏཊ་སྒྲུག་པའི་རྣམ་གྲངས་གཉིས་ནང་ཞུགས་རྒྱུ་ཡིན། གྲུབ་འབྲས་ཡག་པོ་ཐོབ་རྒྱུའི་རེ་བ་ཡོད་ཅེས་བཤད།

ད་ཐེངས་ཀྱི་འགྲན་བསྡུར་ནང་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་ཏེ་མདའ་འཕེན་པ་དང་ཁ་བཏགས་སྒྲུག་པའི་རྣམ་གྲངས་གཉིས་ཡོད་པ་དང་། གཞན་ཡང་ད་དུང་རྒྱུག་ཆེན་དང་འགྲོས་རྒྱུག་གི་རྣམ་གྲངས་ཀྱང་ཡོད་པ་རེད། དེའི་ཁྲོད་རྒྱུག་ཆེན་རྣམ་གྲངས་ནང་ཚོགས་ཆུང་ལ་ཚད་བཀག་མེད་པའི་སྨི་2000ཅན་དང་། སྨི་5000ཅན། ས་གནས་དེ་གའི་ཚོགས་ཆུང་གི་སྨི་3000ཅན་དང་སྨི་8000ཅན་བཅས་ཡོད་པ་དང་། འགྲོས་རྒྱུག་རྣམ་གྲངས་ནང་སྨི་2000ཅན་དང་སྨི་5000ཅན་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་རྟ་རྩལ་མཐུན་ཚོགས་ཀྱི་དྲུང་ཆེ་ཚེ་དགའ་ཡིས་2024ལོའི་ཞོ་སྟོན་རིང་གི་རྟ་རྒྱུག་འགྲན་བསྡུར་ལ་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད། འགྲན་བསྡུར་སྤེལ་བའི་བརྡ་ཐོ་ཁྱབ་བསྒྲགས་བྱས་རྗེས། རྒྱ་ཆེའི་མང་ཚོགས་ཀྱིས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་མིང་ཐོ་བཀོད་པ་དང་། མིང་ཐོ་འགོད་མཁན་གྱི་མི་གྲངས་བརྒྱ་ཙམ་ཟིན་ཡོད། དེའི་ནང་ས་གནས་དེ་གའི་འགྲོས་རྒྱུག་དང་། ས་གནས་དེ་གའི་རྒྱུག་ཆེན། ཁ་བཏགས་སྒྲུག་པ་སོགས་ཀྱི་རྣམ་གྲངས་ནི་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་རྣམ་གྲངས་ཡིན། ཞོ་སྟོན་རིང་རྟ་རྒྱུག་འགྲན་བསྡུར་སྒྲིག་འཛུགས་བྱས་པ་དེས་རྟ་ལ་དགའ་པོ་ཡོད་མཁན་ཚོར་རྩལ་ནུས་འགྲན་བསྡུར་གྱི་སྟེཊ་བུ་ཞིག་མཁོ་འདོན་བྱས་པར་མ་ཟད། ཁོང་ཚོར་ཉམས་མྱོང་སྤེལ་རེས་ཀྱི་གོ་སྐབས་ཤིག་ཀྱང་མཁོ་འདོན་བྱས་ཡོད་ཅེས་བཤད།

འགྲན་བསྡུར་བྱེད་རིང་། འགྲན་ཞུགས་ལུས་རྩལ་པས་རང་རང་གི་ཁྱད་ཆོས་ལྡན་པའི་མི་རིགས་གྱི་གྱོན་ཆས་གྱོན་ནས་འགྲན་བསྡུར་ལ་རིག་གནས་ཀྱི་རྣམ་པ་ཟབ་མོ་ཞིག་བསྣན་རྒྱུ་ཡིན་པ་རེད། འགྲན་བསྡུར་གྱི་གཏན་འབེབས་ལྟར་ན། འགྲན་ཞུགས་པ་ཚང་མའི་ལོ་ཚད་ངེས་པར་དུ་ལོ་10ནས་45བར་ཡིན་དགོས་པ་དང་། ས་གནས་དེ་གའི་ཚོགས་ཆུང་གི་འགྲན་ཞུགས་པའི་ཐེམ་ཁོངས་ངེས་པར་དུ་བོད་རང་སྐྱོང་ལྗོངས་ནས་ཡིན་དགོས།

ང་ཚོས་མཉམ་དུ་འགྲན་ཞུགས་པ་ཚོའི་ངོ་མཚར་ཆེ་བའི་རྟ་རྩལ་ལ་རེ་སྒུག་བྱེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-06 6 6 拉萨日报藏文 c185974.html 1 ཞོ་སྟོན་རིང་རྟ་རྒྱུག་འགྲན་བསྡུར་ནང་ ཞུགས་མཁན་ཧ་ཅང་མང་བ། /enpproperty-->