分享按钮

ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་རྩ་དོན་ལ་དམ་འཛིན་ཇི་འདྲ་བྱེད་དགོས།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་4ཉིན་གློག་འཕྲིན་འབྱོར་གསལ། 《གཏན་འབེབས》ནང་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དང་ལྷག་པར་དུ་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་དང་བེད་སྤྱོད་བྱེད་པའི་ཐད།ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་བརྩི་སྲུང་ཞུ་དགོས་པའི་མཐའ་འཁྱོངས་དྲུག་གི་རྩ་དོན་གལ་ཆེན་བཏོན་ཡོད།རྩ་དོན་གལ་ཆེན་དེ་དག་ལ་གོ་བ་ཡང་དག་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཚེ། སྒྱུར་བཅོས་མུ་མཐུད་ཟབ་ཏུ་གཏོང་བར་སྐུལ་འདེད་དང་འབྲེལ་ལེགས་འགྲུབ་ཡོང་བར་འགན་ལེན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད།

དང་པོ། ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་གཅིག་ཏུ་བྱེད་པ། ཏང་གིས་སྤྱི་ཡོངས་སྟངས་འཛིན་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱེད་པ། ཏང་གི་འགོ་ཁྲིད་དེ་སྒྱུར་བཅོས་ཀྱི་ཕྱོགས་གང་ཅིའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བཅས་བྱས་ཏེ། སྒྱུར་བཅོས་ཀྱི་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དེད་ནས་མདུན་སྐྱོད་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས་པའི་ཐད།ཏང་གི་འགོ་ཁྲིད་ནི་ང་ཚོའི་ཆབ་སྲིད་ཀྱི་དགེ་མཚན་ཆེ་ཤོས་ཡིན་པ་དང་། རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེར་བདེ་བླག་ངང་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བའི་སྒྱུར་བཅོས་ཀྱི་ལས་འགན་དང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཀྱི་མདུན་དུ་ཏང་ཀྲུང་དབྱང་གིས་དར་ཆ་བསྒྲེངས་ནས་ཁ་ཕྱོགས་གཏན་འཁེལ་དང་བཀོད་སྒྲིག་གནང་སྟེ། གོང་ནས་འོག་བར་གཅིག་སྡུད་གཅིག་གྱུར་གྱི་སྒྱུར་བཅོས་འགོ་ཁྲིད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་བཙུགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་གནང་ནས་སྒྱུར་བཅོས་ཀྱི་ལས་དོན་ལ་མཛུབ་སྟོན་དང་སྐུལ་འདེད་བཏང་བ། སྒྱུར་བཅོས་གལ་ཆེན་དང་། འགག་རྩ་གལ་ཆེན།གནད་དོན་གལ་ཆེན་བཅས་མང་པོའི་ཐད་འཕྲལ་ཐག་ཆོད་པོས་ཇུས་ཐག་བཅད་གནང་བས། སྒྱུར་བཅོས་ལ་ཆེས་སྟོབས་དང་ལྡན་པའི་འགོ་ཁྲིད་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བར་སྔར་བཞིན་ཆབ་སྲིད་ཀྱི་དགེ་མཚན་འདི་འདོན་སྤེལ་ལེགས་པོ་བྱས་ཏེ། ཏང་གི་འགོ་ཁྲིད་དེ་སྒྱུར་བཅོས་ཀྱི་ཕྱོགས་གང་ཅིའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་སྒྱུར་བཅོས་ཀྱི་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དེད་ནས་མདུན་སྐྱོད་བྱེད་དགོས།

གཉིས་པ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། མི་དམངས་ཀྱི་བྱེད་པོའི་གནས་བབ་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱས་ཏེ། མི་དམངས་ཀྱི་རེ་འབོད་དང་སྒྱུར་བཅོས་ལ་ལན་ཡོད་པར་བྱེད་དགོས་པ་དང་། སྒྱུར་བཅོས་མི་དམངས་ཀྱི་ཆེད་དུ་དང་། སྒྱུར་བཅོས་མི་དམངས་ལ་བརྟེན་པ། སྒྱུར་བཅོས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་ཐུབ་པ་བཅས་བྱེད་དགོས་པའི་ཐད། མི་དམངས་ལྟེ་བར་འཛིན་པ་ནི་སྒྱུར་བཅོས་ཀྱི་རྩ་བའི་ལངས་ཕྱོགས་ཡིན། རང་རེའི་ཏང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་དྲང་བཞག་བདེན་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་བདེ་སྐྱིད་ཡོང་བར་སྐུལ་འདེད་གཏོང་བ་དེ་འགོ་འཛུགས་ས་དང་གཞི་ཚུགས་སར་བརྩི་བ་དང་། མི་དམངས་ཀྱི་ཐོབ་སྣང་དང་། བདེ་སྣང་། སྐྱིད་སྣང་བཅས་གོང་མཐོར་གཏོང་བ་དེ་སྒྱུར་བཅོས་ཀྱི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་རྩ་བའི་ཚད་གཞིར་བརྩིས་ནས་སྒྱུར་བཅོས་དང་འཆར་འགོད་བྱེད་པར་མི་དམངས་ཀྱི་བློ་གྲོས་བསྡུ་ལེན་དང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་མི་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ། སྒྱུར་བཅོས་ལ་ཞིབ་བཤེར་བྱེད་པར་མི་དམངས་ཀྱི་ཤན་འབྱེད་ལ་བརྟེན་དགོས་པ་བཅས་མི་དམངས་མང་ཚོགས་ཀྱི་བརྩི་བཀུར་མཐའ་གཅིག་ཏུ་ཐོབ་པར་བྱེད་དགོས།ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ལས་འགན་ཇི་ཙམ་གྱི་ལྕི་བ་ཡོད་པ་དེ་ཙམ་གྱིས་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་དགོས་ཤིང་།མི་དམངས་ཀྱི་བྱེད་པོའི་གོ་གནས་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱས་ཏེ། མི་དམངས་ཀྱི་རེ་འབོད་ཡོད་པ་དང་སྒྱུར་བཅོས་ལ་ལན་ཡོད་པ་མཐའ་འཁྱོངས་བྱས་ནས་དམངས་ཀྱི་བློ་གྲོས་བསྡུ་རུབ་དང་དམངས་སེམས་གོང་བུར་འགྲིལ་མཁས་པ་བྱས་ཐོག་སྒྱུར་བཅོས་ཀྱི་གྲུབ་འབྲས་མི་དམངས་ཡོངས་ལ་སྔར་ལས་མང་བ་དང་སྔར་ལས་འདྲ་མཉམ་ཡོང་བར་བྱེད་དགོས།

གསུམ་པ། གཞུང་འཁྱོངས་གསར་གཏོད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་གཡོ་འགུལ་མེད་པ་མཐའ་འཁྱོངས། དུས་རབས་ཀྱི་གོམ་འགྲོས་དང་བསྟུན་པ། ལག་ལེན་གྱི་འཕེལ་རྒྱས་དང་བསྟུན་པ། གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་པ།འགོ་འཛུགས་ས་གསར་པའི་ཐོག་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད། དེ་མིན་ཕྱོགས་ཁག་གི་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་དགོས་པའི་ཐད།གཞུང་འཁྱོངས་གསར་གཏོད་བྱ་རྒྱུ་ནི་སྒྱུར་བཅོས་ཀྱི་ངོ་བོའི་བླང་བྱ་ཡིན། དུས་རབས་གསར་པ་ཤར་ཚུན། སྒྱུར་བཅོས་དང་འཕེལ་རྒྱས་ལ་དུས་བབ་གསར་པ་དང་འགྲན་སློང་གསར་པ་འཕྲད་ཡོད། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་དེད་ནས་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་བཏང་སྟེ།སྒོ་སྡོམ་མཁྲེགས་བཟུང་གི་ལམ་རྙིང་པར་མི་བསྐྱོད་པར་མ་ཟད། དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུ་ཡང་མི་བསྐྱོད་པར། སྔར་བྱུང་མྱོང་མེད་པའི་ཆོད་སེམས་དང་ཤུགས་ཚད་ལ་བརྟེན་ནས་བསམ་བློའི་འདུ་ཤེས་ཀྱི་འཆིང་རྒྱ་ལས་གྲོལ་བ་དང་། ཁེ་ཕན་མཁྲེགས་འགྱུར་གྱི་ར་བ་གཏོར་བ། ཕྱོགས་གང་ཅིའི་ཐད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་མེད་པར་བཟོས་པ་བཅས་བྱས་ནས་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་རྐྱང་ཞིག་བཏོད་ཡོད། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་དགོས་ན། ཐབས་ལམ་མི་འགྱུར་བ་དང་ཕུགས་འདུན་ལ་འགྱུར་བ་མེད་པའི་སྟོབས་ཤུགས་ཆེན་པོ་ཡོད་དགོས་པ་དང་། གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས་དང་གདེང་ཚོད་བཞི་བརྟན་པོ་ཡོང་བར་གཡོ་འགུལ་མི་ཐེབས་པ་མཐའ་འཁྱོངས་བྱེད་དགོས་ལ་གསར་གཏོད་བྱེད་ཕོད་པ་དང་འགག་སྒྲོལ་བྱེད་ཕོད་པའི་བློ་སྟོབས་ཀྱང་ཡོད་པར་བྱས་ཏེ། སྒྱུར་བཅོས་ལ་རྒྱུན་ཆད་མེད་པར་འགག་སྒྲོལ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།

བཞི་པ། ལམ་ལུགས་འཛུགས་སྐྱོང་བྱེད་པ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། རྩེ་རིམ་ཇུས་འགོད་དང་སྤྱི་ཡོངས་ཀྱི་འཆར་འགོད་ལ་ཤུགས་སྣོན་རྒྱག་པ། གཏོར་འཛུགས་མཉམ་དུ་སྤེལ་བ། སྔོན་འཛུགས་རྗེས་གཏོར། རྩ་བའི་ལམ་ལུགས་བརྟན་པོར་འཛུགས་པ། གཞི་རྩའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ལམ་ལུགས་གལ་ཆེན་གསར་གཏོད་བཅས་བྱེད་དགོས་པའི་ཐད། ལམ་ལུགས་འཛུགས་སྐྱོང་བྱེད་པ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ནི་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་ཡིན། རང་རེའི་ཏང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་ཡུལ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་རྒྱུ་དང་།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-06 6 6 拉萨日报藏文 c185967.html 1 ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་རྩ་དོན་ལ་དམ་འཛིན་ཇི་འདྲ་བྱེད་དགོས། /enpproperty-->