(པར་ངོས་དང་པོར་མཐུད)ཕྱི་ཕྱོགས་ཉོ་ཚོང་གི་རོགས་སྐྱོར་འཕེལ་རྒྱས་སྲིད་ཇུས་བཟོས་ཏེ། འགག་སྒོ་ལས་ཁུངས་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་གྱི་ཕྱི་རྒྱལ་མཛོད་ཁང་ཐོག་མ་བསྐྲུན་ཏེ་བེད་སྤྱོད་བཏང་ནས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གཅིག་པུ་དང་། རྒྱལ་ཁབ་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ། རྒྱལ་ཁབ་རིམ་པའི་ཕྱི་ཕྱོགས་ཉོ་ཚོང་ཕྱོགས་སྒྱུར་རིམ་སྤོར་རྟེན་གཞི་བཅས་རྩེར་སོན་སྒོ་བྱང་གསུམ་ཐོབ་ཡོད། བོད་ལ་མ་དངུལ་འཇོག་པར་ཐོག་མར་ལྷ་ས་འདེམས་དགོས། ལྷ་སས་ལྷག་བསམ་ཟོལ་མེད་ངང་འཛམ་གླིང་ཡོངས་ཀྱི་མཛའ་གྲོགས་མི་སྣ་ལྷ་སར་གདན་འདྲེན་ཞུས་པ་དང་། ལྷ་སར་རྒྱུས་ལོན། ལྷ་སར་མ་འཇོག་བཅས་བྱས་ཏེ། སྒོ་དབྱེའི་འཕེལ་རྒྱས་ཀྱི་ཞོ་སྟོན་ལ་མཉམ་སྤྱོད་བྱེད་པ་དང་། འཕེལ་རྒྱས་ཀྱི་བྱ་སྤྱོད་གཟབ་རྒྱས་ལ་ཐུན་མོང་ཐོག་གཞོགས་འདེགས་བྱེད་པ། མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཉིས་ཕན་བཅས་ཡོང་བར་བྱེད་ཀྱི་ཡོད།
ནཱ་ཝ་ལ་ཅེ·ཏ་ཁར་གྱིས་ཤིས་ཚིག་གསུང་སྐབས། ཁོང་གིས་ནེ་པ་ལ་སྲིད་གཞུང་གི་ཚབ་ཞུས་ནས་གཙོ་གཉེར་ཕྱོགས་ཀྱིས་ནེ་པ་ལའི་ཁེ་ལས་འགྲེམས་ཚོགས་ནང་གདན་ཞུ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་གསུངས་དོན། ནེ་པ་ལ་དང་ཀྲུང་གོའི་མཛའ་གྲོགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་དང་། རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། རོགས་ཟླ་ཡག་པོ་བཅས་ཡིན། ཀ་ཏ་མན་རྡུ་དང་ལྷ་ས་གྲོང་ཁྱེར་ནི་མཛའ་གྲོགས་ཀྱི་གྲོང་ཁྱེར་ཡིན། ནེ་པ་ལ་ཕྱོགས་ཀྱིས་ལྷ་ས་གྲོང་ཁྱེར་དང་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད་པའི་ཉམས་མྱོང་མང་པོ་འདུག ད་ཐེངས་ཀྱི་འགྲེམས་ཚོགས་གོ་སྐབས་སུ་བྱས་ནས་ལྷ་ས་གྲོང་ཁྱེར་དང་རིག་གནས་ཡུལ་སྐོར་སོགས་ཐད་ཀྱི་སྤེལ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བའི་རེ་སྒུག་བྱེད་ཀྱི་ཡོད།
འགོ་ཚུགས་མཛད་སྒོའི་ཐོག ད་དུང་ལྷ་ས་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་བྱས་པ་དང་། མཛད་སྒོར་ཞུགས་པའི་འགོ་ཁྲིད་ཀྱིས་ཐུན་མོང་ཐོག་2024ལོའི་ལྷ་སའི་ནང་འདྲེན་ཚོང་ཟོག་འགྲེམས་ཚོགས་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་དང་འབྲེལ་འགྲེམས་ཁང་ཁག་ལ་སྐོར་ཞིབ་ཀྱང་གནང་བ་རེད།
རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་དང་། རང་སྐྱོང་ལྗོངས་ཚོང་དོན་ཐིང་། རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་། རང་སྐྱོང་ལྗོངས་ཕྱི་དོན་གཞུང་དོན་ཁང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་རྒྱལ་མཚམས་འཛུལ་གྲོལ་དོ་དམ་སྤྱི་ཁྱབ་རུ་ཁག ལྷ་སའི་འགག་སྒོའི་འགན་འཁུར་བློ་མཐུན་གཙོ་བོ་དང་། དེ་བཞིན་གྲོང་ཁྱེར་གྱི་འགོ་ཁྲིད་ཧོ་ཕུང་དང་། ཕན་ཝུན་ཆིང་། ལིའུ་ལེང་བཅས་དང་། དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་འགྲེམས་ཚོགས་ནང་ཞུགས་མཁན་གྱི་ཚོང་པའི་འཐུས་མི་དང་གྲོང་ཁྱེར་ཐད་གཏོགས་ཚན་པ་ཁག རྫོང(ཆུས)ཁག ནུས་པའི་གླིང་ཁུལ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་མཛད་སྒོར་ཞུགས་པ་རེད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社