分享按钮

ལྷ་ས་གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུས་ཀྱིས་ནེ་པ་ལ་དང་མ་ལེ་ཞི་ཡ་དབར་མཉམ་ལས་གྲོས་མཐུན་བཞག་པ།

(པར་ངོས་དང་པོར་མཐུད)ཕྱི་རྒྱལ་གྱི་མ་དངུལ་འགུག་ཤུགས་ཆེ་རུ་གཏོང་ཆེད། བཅའ་སྡོད་ཕྱི་རྒྱལ་གྱི་མ་དངུལ་ཁེ་ལས་དང་པོར་བརྒྱུད་རིམ་ཧྲིལ་པོའི་རྒྱུ་རྐྱེན་གཙོ་བོའི་ཞབས་ཞུ་ཐོབ་རྒྱུ་ཡིན་པ་རེད།

མ་ལེ་ཞི་ཡའི་རྒྱུད་གཅིག་ལམ་གཅིག་ཨུ་ལྷན་གྱི་ཚོགས་གཙོ་གཞོན་པ་ཝུའུ་དབྱི་ཧྲེང་གིས་ད་ཐེངས་ང་ཚོས་མ་ལེ་ཞི་ཡའི་ཚོགས་པ་ཁྲིད་དེ་ལྷ་སར་འགྲེམས་སྟོན་ནང་ཞུགས་ཐེངས་དང་པོ་ཡིན། ངའི་བསམ་པར་ད་ཐེངས་མ་འཇོག་ལ་སྐུལ་འདེད་གཏོང་བའི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ་ནི་འགོ་ཚུགས་ཡག་པོ་ཞིག་རེད། ང་ཚོ་ཕྱོགས་གཉིས་པོས་འདྲ་མཉམ་གཉིས་ཕན་དང་། ཁ་དན་ཚིག་གནས་དང་རོགས་རེས། ལེགས་ཆ་གསབ་རེས་བཅས་ཀྱི་རྩ་དོན་འོག་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་། དགེ་སྤེལ་སྐྱོན་གསབ་བཅས་བྱས་ནས་ཕྱོགས་གཉིས་པོའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།

འདི་ལོའི་ཟླ་6པར། ལྷ་ས་གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུས་བཙུགས་པ་ནས་བཟུང་། ཅུས་ཏང་ཙུའུ་ཡིས་ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག་མཐའ་འཁྱོངས་བྱས་ནས་ཚོང་འགུགས་དང་། ཞབས་ཞུ། ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ཀྱི་ལས་དོན་ཁག་གཏན་འཁེལ་ལེགས་པོ་བྱས་པ་དང་ལྷ་སའི་ཕྱི་ཕྱོགས་སྒོ་དབྱེའི་ཐད་འབད་བརྩོན་ཆེན་པོ་བྱས་ནས་ལྷ་སའི་མ་འཇོག་སྐུལ་སྤེལ་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། ད་ཐེངས་གན་རྒྱ་བཞག་པ་དེས་ཕྱོགས་གཉིས་པོའི་འབྱུང་འགྱུར་གྱི་མཉམ་ལས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་པར་མ་ཟད། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་མ་འཇོག་ཁོར་ཡུག་ལ་ཁས་ལེན་དང་ཡིད་ཆེས་བྱེད་པ་ཡང་གང་ལེགས་མཚོན་པ་དང་། ཕྱི་ཕྱོགས་ལ་ལྷ་སའི་སྒོ་དབྱེའི་མཉམ་ལས་ཀྱི་དགེ་མཚན་ལྡན་པའི་བརྡ་རྟགས་སྔར་བས་བརྒྱུད་སྤྲོད་བྱས་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏེང་ཧུང་གིས་སླད་ཕྱིན་ང་ཚོས་མཉམ་ལས་དང་སྤེལ་རེས་ཀྱི་ལས་སྟེགས་ཧུར་ཐག་བཏོད་ནས་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་དེ་བས་མང་བས་མ་རྩ་འཇོག་རྒྱུར་ཡིད་དབང་བཀུག་སྟེ་བོད་ལ་མ་རྩ་འཇོག་པར་ལྷ་ས་འདི་ཉིད་གདམ་ག་བྱ་ཡུལ་དང་པོ་ཡིན་པའི་སྤུས་རྟགས་ཀྱི་ཕན་འབྲས་མུ་མཐུད་ཆེ་རུ་བཏང་སྟེ་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-06 6 6 拉萨日报藏文 c185963.html 1 ལྷ་ས་གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུས་ཀྱིས་ནེ་པ་ལ་དང་མ་ལེ་ཞི་ཡ་དབར་མཉམ་ལས་གྲོས་མཐུན་བཞག་པ། /enpproperty-->