ཤིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་ཟླ་8ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཧང་ཀྲོའུ་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་ཁྱབ་བསྒྲཊ་བྱས་པར་གཞིཊ་ན། ཚེས་3ཉིན་གྱི་ཆུ་ཚོད་14དང་སྐར་མ་35བར་ཧང་ཀྲོའུ་གྲོང་ཁུལ་གཙོ་བོའི་དྲོད་ཚད་མཐོ་ཤོས་41.9℃ཟིན་ནས་2022ལོའི་ཟླ་8ཚེས་14ཉིན་གྱི་དྲོད་ཚད་41.8℃ལས་བརྒལ་ཏེ་ཟིན་ཐོ་མཐོ་ཤོས་བཏོད་ཡོད།
ཚེས་3ཉིན་གྱི་ཞོགས་པ་ཧང་ཀྲོའུ་གྲོང་ཁུལ་གཙོ་བོའི་དྲོད་ཚད་དམའ་ཤོས་31.0℃ཟིན་པ་དེ་ནི་1951ལོར་བསྟུད་མར་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་ཟིན་ཐོ་བཀོད་ཚུན་ཟླ་8པའི་ཟླ་སྟོད་དང་ཐ་ན་ཟླ་8པའི་ཟླ་སྟོད་ཀྱི་ཉིན་རེའི་དྲོད་ཚད་དམའ་ཤོས་ཀྱི་གྲངས་ཚད་མཐོ་ཤོས་ཡིན་པ་རེད། ཚེས་3ཉིན་གྱི་ཆུ་ཚོད་8དང་སྐར་མ་32ཐོག་ཧང་ཀྲོའུ་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་དྲོད་ཚད་མཐོ་བའི་ཉེན་བརྡའི་བརྡ་རྟགས་དམར་པོ་བཏང་བ་རེད།
ཧང་ཀྲོའུ་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིཊ་ན། ཚ་རྒྱུད་བར་མའི་མཐོ་གནོན་གྱིས་ཚོད་འཛིན་ཐེབས་པར་བརྟེན་སྔོན་དཔག་བྱས་ན་ཚེས་4ནས་ཚེས་5ཉིན་བར་ཧང་ཀྲོའུ་ཡི་དྲོད་ཚད་མཐོ་ཤོས་40℃ནས་42℃བར་ཟིན་རྒྱུ་དང་ས་ཆ་ཁ་ཤས་སུ་42℃ཡན་ཟིན་རྒྱུ་ཡིན་པ་དང་ཚེས་9ཉིན་གྱི་རྗེས་སུ་དྲོད་ཚད་ཅུང་ཆུང་དུ་འགྲོ་རྒྱུ་ཡིན་པ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社