(པར་ངོས་དང་པོར་མཐུད)དེ་རྗེས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་དང་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་སོགས་ཚན་པས་བོགས་གཏོང་རླངས་འཁོར་ལས་རིགས་ཀྱི་ལས་ཞུགས་པར་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དང་རླངས་འཁོར་གྱི་སྐྱེལ་འདྲེན་བདེ་འཇགས་སོགས་ཁྲིམས་སྐྱོང་གི་དྲིལ་བསྒྲགས་བྱས་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་དེས་བོགས་གཏོང་རླངས་འཁོར་ལས་རིགས་ཀྱི་ལས་ཞུགས་པའི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་།ལས་ཞུགས་པ་ཡོངས་ཀྱིས་བདེ་འཇགས་ངང་རླངས་འཁོར་གཏོང་བ་དང་ཤེས་དཔལ་ལྡན་པའི་ཞབས་ཞུའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་རྒྱུ་དར་སྤེལ་བཏང་ཡོད། ཚང་མས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་རང་རྟོགས་ངང་བཀག་འགོག་དང་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ཏེ།གཞུང་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་དང་ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་མཉམ་སྐྲུན་དང་མཉམ་སྤྱོད་བྱ་རྒྱུ་ཡིན་ཞེས་བཤད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社