ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་30ཉིན་གྱི་སྔ་དྲོར།“སྙེ་མོའི་གྲོག་རོང་ཆེན་མོ། ཐོན་པ་གཟིམ་སྤོས་ཀྱི་འབྱུང་ཁུངས”ཞེས་པའི་གཟིམ་སྤོས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་དྲིལ་བསྒྲགས་འོས་སྦྱོར་ཚོགས་འདུ་ལྷ་སར་འཚོགས་པ་རེད།
ད་ཐེངས་ཀྱི་གཟིམ་སྤོས་རིག་གནས་ཡུལ་སྐོར་དུས་ཆེན་ཐོག་བྱེད་སྒོ་ཆེ་གྲས་5སྤེལ་རྒྱུ་ཡིན་པ་དང་། ཟླ་8ཚེས་1ཉིན་མར་རྐྱང་ཤང་དུ་མར་རྐྱང་ཤང་གི་གངས་རིའི་འོག་གི་རྟ་རྒྱུག་འགྲན་བསྡུར་དུས་ཆེན་གཉེར་ནས་མི་རིགས་ཀྱི་ཁྱད་ཆོས་མངོན་པ་དང་ཆབས་ཅིག་ཕྱི་ཕྱོགས་སུ་སྙེ་མོའི་ཐུན་མིན་གྱི་ཡུལ་སྐོར་ཐོན་ཁུངས་ཀྱང་འགྲེམས་སྟོན་བྱས་པ་རེད། ཟླ་7ཚེས་30ཉིན་གྱི་སྔ་དྲོར་ལྷ་སའི་གནས་མཆོག་ལྷ་ཡུལ་གླིང་སྤྱི་གསོལ་མགྲོན་ཁང་དང་ཟླ་8ཚེས་2ཉིན་ཐེན་ཧའེ་རྒྱལ་སྤྱིའི་ཐང་ཆེན་དུ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འོས་སྦྱོར་ཚོགས་འདུ་འཚོགས་པ་དང་། སྐབས་འདིར་སྙེ་མོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་འཚོང་འགྲེམས་གནས་བཙུགས་ཡོད། ཟླ་8ཚེས་16ནས་ཚེས་17ཉིན་བར་སྙེ་མོའི་ཐོན་པའི་མཛེས་ལྗོངས་ཁུལ་དུ་གཟིམ་སྤོས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་དང་། དེའི་ནང་གཟིམ་སྤོས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པའི་འགོ་ཚུཊ་མཛད་སྒོ་དང་། གཙོ་དོན་ཚོང་འདུས། སྐོར་བྲོའི་དགོང་ཚོགས། མཛེས་ལྗོངས་ཁུལ་དུ་འབྱོར་ཐོ་འགོད་པ་དང་། ཉམས་ལེན། ཁྱབ་གདལ་བཅས་ཀྱི་བྱེད་སྒོ་ཚུད་ཡོད། ཟླ་8ཚེས་16ཉིན་གྱི་ཕྱི་དྲོ་ནས་ཚེས་17ཉིན་གྱི་སྔ་དྲོའི་བར། སྙེ་མོ་ཐོན་པའི་མཛེས་ལྗོངས་ཁུལ་དུ་རིག་གནས་ཉམས་ལེན་ཉིན་མོའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་། མིང་ཐོ་འགོད་པ་དང་། སྒྲིག་ཆས་ལེན་པ། རྐང་ཐང་དུ་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་པ་སོགས་བཀོད་སྒྲིག་བྱས་ཏེ། བོད་རིགས་ཀྱི་སྲོལ་རྒྱུན་སྤྲོ་གསེང་བྱེད་སྒོ་དང་དེང་སྐབས་དར་ཁྱབ་ཆེ་བའི་རྐང་ཐང་དུ་སྐྱོད་པའི་རོལ་རྩེད་ཟུང་འབྲེལ་བྱས་ཏེ། སྙེ་མོའི་ས་གནས་ཀྱི་ཁྱད་ལྡན་ལག་ཤེས་བཟོ་རྩལ་དང་ཐོན་རྫས་དེའི་ནང་བཅུག་ནས་ཡུལ་སྐོར་བ་དངོས་སུ་ཉམས་ལེན་བྱེད་པའི་ཡིད་དབང་བཀུག་ཡོད།
ད་དུང་མངོན་མིན་ཤུལ་བཞག་ཐོན་རྫས་འགྲེམས་སྟོན་འགྲེམས་འཚོང་བྱེད་སྒོ་དང་དེ་བཞིན་ཁྱད་ལྡན་བཟས་མཆོག་ཁྲོམ་གཞུང་གི་བྱེད་སྒོ་ཡོད་པ་དེ་གཟིམ་སྤོས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ལེ་ལག་ཚང་བའི་བྱེད་སྒོ་ཞིག་ཡིན་པའི་ངོས་ནས་སྒྲིག་འཛུགས་ཨུ་ལྷན་གྱིས་སྙེ་མོ་རྫོང་གི་རིམ་ཁག་མངོན་མིན་ཤུལ་བཞག་རྒྱུན་འཛིན་པ་དང་ཁྱད་ལྡན་བཟས་མཆོག་ཚོང་པ་སྒྲིག་འཛུགས་བྱས་ཏེ། ས་གནས་ས་ཐོག་ཏུ་བཟས་མཆོག་བཟོ་བ་དང་། འགྲེལ་བཤད། འགྲེམས་སྟོན། བཟས་མཆོག་ལ་མྱོང་རོལ་བཅས་བྱས་ནས་བྱེད་སྒོའི་རྣམ་པ་དང་ཉམས་ལེན་གྱི་ཚོར་སྣང་ཆེ་རུ་གཏོང་བ་དང་སྙེ་མོ་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་རྟགས་ཆེ་རུ་ཏིན་ཏིག་གཏོང་རྒྱུ་རེད།
དེ་རྗེས་ཀྱི་དྲིལ་བསྒྲགས་འོས་སྦྱོར་ཚོགས་འདུའི་ཐོག་ད་དུང་སྙེ་མོའི་འབག་དཀར་ལྷ་མོའི་འཁྲབ་སྟོན་དང་སྙེ་མོའི་ཅ་དངོས་ཡག་པོ་འགྲེམས་སྟོན་བྱས་ཡོད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社