ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གི་རུས་ནད་ཚན་ཁག་ནན་ཅིང་བོད་སྐྱོར་སྨན་པའི་མཛུབ་ཁྲིད་དང་དེ་བཞིན་རུས་ནད་ཚན་ཁག་ཚོགས་པའི་སྨན་དོན་དང་ལག་སྦྲིད་ཚན་ཁག་གིས་འབད་བརྩོན་ལྷོད་མེད་བྱས་པར་བརྟེན་C3རྣམ་པའི་རྙོག་འཛིང་ཆེ་བའི་རུས་ཆག་གི་གཤགས་བཅོས་བདེ་བླག་ངང་ལེགས་གྲུབ་བྱུང་བ་རེད།
རུས་ཆག་AOརིགས་དབྱེའི་ཁྲོད་Cརིགས་ཀྱི་རུས་ཆག་ནི་ཚིགས་ནང་གི་རུས་ཆག་དང་། C3རིགས་ཀྱི་རུས་ཆག་ནི་རྦད་དེ་ཆག་གྲུམ་རང་བཞིན་གྱི་ཚིགས་ནང་གི་རུས་ཆག་ཡིན། རྐང་འཛིན་དང་རུས་པ་འབྲེལ་མཚམས་ཀྱི་རུས་ཆག་ནི་རྐང་རུས་དང་སྣེ་འབུར་གྱི་འབྲེལ་མཚམས་ཀྱི་རུས་ཆག་ཡིན། མ་ཟད་ན་ཚ་རྙིང་པའི་རུས་ཆག་ཡིན། འདི་ནི་མཐོང་དཀོན་པའི་རྙོག་འཛིང་ཆེ་བའི་རུས་ཆག་ཅིག་ཡིན།
གཤགས་བཅོས་མ་བྱས་གོང་བོད་སྐྱོར་སྨན་པ་དང་དེ་བཞིན་སྨན་ཁང་དེའི་རུས་ནད་ཚན་ཁག་ཚོགས་པས་གཤགས་བཅོས་ཀྱི་ཇུས་གཞིར་གྲོས་བསྡུར་ཞིབ་ཕྲ་བྱས་པ་དང་ཞིབ་བཤེར་དང་དཔྱད་དཔོག་ཁག་འཐུས་ཚང་དུ་བཏང་སྟེ་ཟླ་7ཚེས་22ཉིན་གྱི་སྔ་དྲོར་ནད་པའི་གཟུགས་པོ་ཡོངས་རྫོགས་སྦྲིད་པའི་རྨང་གཞིའི་ཐོག་C3རིགས་ཀྱི་རུས་ཆག་གཤགས་བཅོས་བྱས་པ་རེད།
འདི་ནི་ད་ལྟའི་བར་ང་ཚོར་འཕྲད་པའི་རྙོག་འཛིང་ཆེ་ཤོས་ཀྱི་C3རིགས་ཀྱི་རུས་ཆག་གི་ནད་དཔེ་ཞིག་ཡིན། གཤགས་བཅོས་ཀྱི་དུས་ཡུན་ཆུ་ཚོད་གཉིས་འགོར་བ་དང་། བོད་སྐྱོར་དགེ་རྒན་གྱི་སྣེ་ཁྲིད་དང་མཛུབ་སྟོན་འོག་གཤགས་བཅོས་ཀྱི་བརྒྱུད་རིམ་བདེ་བླག་བྱུང་བ་མ་ཟད། ནད་པའི་དྲག་སྐྱེད་ཐད་ལའང་ཧ་ཅང་ཡག་པོ་བྱུང་ཡོད། ད་ཐེངས་ཀྱི་གཤགས་བཅོས་ཀྱིས་ནད་པའི་དྲག་སྐྱེད་ལ་རྨང་གཞི་ལེགས་པོ་ཞིག་འདོན་སྤྲོད་བྱས་ཡོད། བོད་སྐྱོར་དགེ་རྒན་གྱི་སྣེ་ཁྲིད་འོག་མལ་གྲོའི་རུས་ནད་ཚན་ཁག་གི་ཚོགས་པ་དེ་བས་ཡུན་རིང་བསྐྱོད་ཐུབ་ངེས་ཡིན་པའི་ཡིད་ཆེས་ང་ལ་ཡོད་ཅེས་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གི་རུས་ནད་ཚན་ཁག་གི་སྨན་པས་བཤད་པ་རེད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社