(པར་ངོས་དང་པོར་མཐུད)དྲག་ཆས་ཉེན་རྟོག་ལྷ་སའི་ཡན་ལག་རུ་ཁག་གི་རུ་འབྲིང་ག་གེ་མོ་བཅས་སུ་འཚམས་འདྲིར་ཕེབས་ནས་དཔོན་དམག་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ཞིང་། ཡུལ་དངོས་སུ་དམག་སྒར་འཛུགས་སྐྱོང་དང་དཔོན་དམག་གི་ཞག་སྡོད་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ཡོད། ཤའོ་ཡིའུ་ཚའེ་ཡིས་དུས་ཡུན་རིང་པོའི་ནང་ལྷ་སར་བཅའ་སྡོད་དཔུང་སྡེས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་ལེན་མཐར་ཕྱིན་ནན་ཏན་བྱས་ཏེ་དམག་སྦྱོང་དང་དམག་གྲབས་ལ་ཁྱོན་ཡོངས་ནས་ཤུཊ་སྣོན་རྒྱག་པ་དང་། རྒྱལ་ཁ་ཐོབ་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དམག་དཔུང་སྟོབས་ལྡན་གཏོད་རྒྱུ་བཅས་ལ་ཤུཊ་རྒྱག་དགོས། རྒྱ་ཆེའི་དཔོན་དམག་ཚོས་བཅའ་སྡོད་བྱ་ཡུལ་ཕ་ཡུལ་དུ་བརྩི་བ་དང་མང་ཚོཊ་གཉེན་ཉེར་བརྩིས་ནས་ལྷ་སའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ཤུགས་ཡོད་རྒུས་བྱེད་པ་དང་། ཉེན་ཁ་ཆེ་བའི་ལས་འགན་ནང་ཧུར་ཐག་ཞུགས་ནས་བརྟན་ལྷིང་སྲུང་སྐྱོང་དང་། ཉེན་སེལ་གེགས་སྐྱོབ། དམངས་འཚོ་ལེཊ་གཏོང་སོཊ་ཐད་ལེགས་སྐྱེས་གལ་ཆེན་འབུལ་དགོས་པ་བསྟན་གནང་ཡོད།
ཤའོ་ཡིའུ་ཚའེ་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་དེ་ནི་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་ཞིག་རེད། ལྷ་སར་བཅའ་སྡོད་དཔུང་སྡེ་དང་རྒྱ་ཆེའི་དཔོན་དམག་ཚོས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སྲོལ་རྒྱུན་གྱི་སྤྱོད་ཚུལ་བཟང་པོ་རྒྱུན་མཐུད་དང་འཇོན་ཐང་ལེགས་པོ་སྦྱོང་བརྡར་བྱས་ཏེ་ཏང་གི་བཀོད་འདོམས་ལ་ཉན་པ་དང་། དམག་འཐབ་ལས་རྒྱལ་ཐུབ་པ། སྤྱོད་ཚུལ་བཟང་པོ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་ཧུར་ཐག་གཏོད་དགོས། ལག་གདང་སྦྲེལ་ནས་རྒྱལ་ཡོངས་ཀྱི་གཉིས་བཀུར་གྱི་དཔེ་སྟོན་གྲོང“ཐེངས་དགུ་བསྟུད་མར་ཨང་དང་པོ”ཐོབ་པར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་ས་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་འབུལ་དགོས། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་དཔུང་སྡེའི་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱས་ཏེ་དཔུང་སྡེར་སེམས་ཁུར་དང་དཔོན་དམག་ལ་གཅེས་སྐྱོང་བྱེད་པའི་རྣམ་པ་ཟབ་མོ་གཏོད་ནས་བྲག་ལྟར་སྲ་ཞིང་བརྟན་པའི་དམག་སྲིད་དམག་དམངས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ་ལག་གདང་སྦྲེལ་ཐོག་དམག་དཔུང་དང་ས་གནས་མཉམ་སྐྲུན་གྱི་ལེའུ་གསར་པ་གཏོད་དགོས་པ་བསྟན་གནང་ཡོད།
གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། ཝང་མིང་ཀྲེ། ཀྲའོ་ཧུའེ་ཉན། ཁྲེན་ཅིང་བཅས་ཀྱིས་ལྷ་སར་བཅའ་སྡོད་འབྲེལ་ཡོད་དཔུང་སྡེའི་དཔོན་དམག་ཁག་སོ་སོར་འཚམས་འདྲི་གནང་བ་རེད། འཚམས་འདྲི་གནང་རིང་རྒྱ་ཆེའི་དཔོན་དམག་ཚོས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དམག་སྦྱོང་དང་དམག་གྲབས་ལ་ཁྱོན་ཡོངས་ནས་ཤུཊ་སྣོན་རྒྱག་པ་དང་དུས་མཚུངས་དུས་རབས་གསར་པའི་དམག་དམངས་མཉམ་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ལྷ་སའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་རྒྱབ་སྐྱོར་ཧུར་ཐག་དང་དེའི་ནང་ཞུཊ་ནས་ལྷ་སའི་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སླར་ཡང་ལེགས་སྐྱེས་འབུལ་རྒྱུ་དང་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཁྲུན་དབྱང་དང་། ཀྲེང་ཝེ་གོ། པ་སངས་རྡོ་རྗེ། པད་མ་གཡུ་སྒྲོན། སུང་ལིའུ་ཀྲུའུ་བཅས་དང་དེ་བཞིན་ལྷ་སར་བཅའ་སྡོད་དཔུང་སྡེའི་འབྲེལ་ཡོད་འགོ་ཁྲིད་འཚམས་འདྲིའི་བྱེད་སྒོར་ཞུགས་པ་རེད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社