分享按钮

(པར་ངོས་དང་པོར་མཐུད)གྲངས་འཛིན་གྱི་བསམ་གཞིགས་གཏོད་པ། གྲངས་འཛིན་གྱི་མདུན་ལྗོངས་གསལ་སྟོན་བྱེད་པ། གྲངས་འཛིན་གྱི་མཉམ་ལས་བཅས་བྱས་ནས་བསམ་བློའི་ཐོག་གི་གསོལ་སྟོན་གཟབ་རྒྱས་མངོན་པ་དང་གྲུབ་འབྲས་གལ་ཆེན་ལྔ་ཐོབ་པ་དེའི་ཐོག་ནས་པེ་ཅིང་གིས་ལྷ་སར་རོགས་སྐྱོར་བྱེད་པ་དང་ཅིང་བོད་དབར་གཅིག་སེམས་གཅིག་སྦྲེལ་གྱི་མཛའ་བརྩེ་ཟབ་མོ་གང་ལེགས་མཚོན་ཡོད།

ཝང་ཆང་གིས་བསྟན་དོན། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་ནི་འགོག་ཐབས་བྲལ་བ་ཞིག་ཡིན་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཁྱབ་ཁོངས་ཁག་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ་རེད། ལྷ་ས་གྲོང་ཁྱེར་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲངས་འཛིན་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་བཅས་ཀྱི་འཕེལ་ཕྱོགས་དང་བསྟུན་གང་ཐུབ་དང་། གྲངས་འཛིན་དཔལ་འབྱོར་གྱི་སྔོན་ཐོན་ཐོན་ལས་ཁྱུ་ཚོགས་དཔེ་སྟོན་ལ་སྐུལ་སྤེལ་ཤུགས་ཆེན་བཏང་ནས་ནུས་ཤུགས་ཡོད་རྒུས“ཤར་གྲངས་ནུབ་རྩིས”ཀྱི་ས་ཁོངས་ལྟེ་གནས་དང་འདེགས་སྐྱོར་གལ་ཆེན་གཏོད་རྒྱུ་དང་། ས་མཐོ་དང་ལྷ་སའི་ནུས་པར་བརྟེན་ནས་གྲངས་འཛིན་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མ་ཟད། “གྲངས་འཛིན་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བར”འབད་བརྩོན་བྱ་རྒྱུ་ཡིན། གྲངས་འཛིན་དཔལ་འབྱོར་ཁྱབ་ཁོངས་ཀྱི་རྒྱ་ཆེའི་རིགས་གཅིག་མཁས་ཅན་དང་། མཁས་དབང་། ཁེ་ལས་ལས་རིགས་ཀྱི་མི་སྣ་ཚོས་ལྷ་སའི་གྲངས་འཛིན་དཔལ་འབྱོར་གྱི་འཕེལ་རྒྱས་ལ་དོ་ཁུར་དང་སེམས་ཁུར་བྱེད་པ་དང་། ས་མཐོའི་གྲངས་འཛིན་དཔལ་འབྱོར་གྱི་ཚན་རིག་ཞིབ་འཇུག་དང་ལག་རྩལ་གསར་གཏོད་ནང་ཞུགས་པ། ལྷ་སར་ལག་གདང་སྦྲེལ་བ། ལྷ་སར་མ་འཇོག་བྱེད་པ། ལྷ་སར་འཕེལ་རྒྱས་གཏོང་བ། ས་མཐོའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་འབྱུང་འགྱུར་གསར་པ་གཏོད་པ་བཅས་བྱ་རྒྱུའི་ཐུགས་རེ་བཅངས་ཡོད།

ཡིའུ་ཅིང་གིས་པེ་ཅིང་གིས་ལྷ་ས་དང་གྲངས་འཛིན་དཔལ་འབྱོར་ཁྱབ་ཁོངས་ཀྱི་མཉམ་ལས་དང་སྤེལ་རེས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ།ལྷ་ས་དང་ལག་གདང་སྦྲེལ་ནས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་དང་། རྣམ་པ་གསར་པ། ལམ་སྲོལ་གསར་པ་བཅས་ཐུན་མོང་ཐོག་འཚོལ་ཞིབ་བྱ་རྒྱུ་དང་།ས་གནས་གཉིས་ཀྱི་གྲངས་འཛིན་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་འདི་ཉིད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།

མཇུག་འགྲིལ་ཚོགས་འདུའི་ཐོག་བརྙན་ལམ་གྱི་རྣམ་པའི་ཐོག་ནས་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་ལ་འདས་ཟིན་པའི་ལོ་ཤས་ནང་ཐོབ་པའི་གཡུར་ཟའི་གྲུབ་འབྲས་དང་དེ་བཞིན་པེ་ཅིང་དང་ལྷ་ས་ས་གནས་གཉིས་ཀྱི་གྲངས་འཛིན་གྱི་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་པ་འགྲེམས་སྟོན་བྱས་པ་མ་ཟད། 2024ལོའི“གྲངས་གཞིའི་རྒྱུ་རྐྱེནX”ཡི་འགྲན་བསྡུར་ཆེན་མོའི་བོད་རང་སྐྱོང་ལྗོངས་ཀྱི་ཡན་ལག་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་དང་མཐོ་གསར་ལག་རྩལ་ཁུལ་གྱི་གྲངས་འཛིན་དཔལ་འབྱོར་གྱི་ཚོང་འགུགས་མ་འདྲེན་གྱི་གྲུབ་འབྲས་ལ་གན་རྒྱ་བཞག་པ་དང་།གྲངས་འཛིན་དཔལ་འབྱོར་ཁེ་ལས་ཀྱི་འཐུས་ཚབ་སྟེ་ཁྲུང་ཆིང་པའེ་ཀྲི་བློ་རིག་དང་། ཅིང་ཏུང་ཚན་རྩལ། སི་ཁྲོན་ཁྲེན་མན་བཅས་ཀྱིས་གཏམ་བཤད་སྤེལ་ཡོད།

རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཐིང་གི་ཐིང་ཀྲང་གཞོན་པ་དབང་འདུས་དང་ལུའི་ཞུའེ་ཧྲེང་།དེ་བཞིན་གྲོང་ཁྱེར་གྱི་འགོ་ཁྲིད་ཕན་ཝུན་ཆིང་ཚོགས་འདུར་ཞུགས་པ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-01 6 6 拉萨日报藏文 c185676.html 1 /enpproperty-->