分享按钮

ཐེན་ཕེ་ཡན་དང་བཅས་པས་རང་ལྗོངས་ཀྱི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་དང་ཕན་ཚུན་སྤེལ་རེས་གནང་བ།

ཝང་ཧའེ་ཀྲོའུ་དང་ཤའོ་ཡིའུ་ཚའེ་བྱེད་སྒོར་ཞུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་30ཉིན་གྱི་སྔ་དྲོ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཐེན་ཕེ་ཡན་དང་བཅས་པ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཤ་གསར་ཟུར་སྡེ་ཁུལ་དུ་བསྐྱོད་དེ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐད་ཕན་ཚུན་སྤེལ་རེས་བྱས་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱིས་ལག་པ་ཡར་བཀྱགས་ནས་སྒྲོག་འགྲེལ་ཚོགས་པའི་ཁོངས་མིར་རང་ཉིད་ཀྱིས་སེམས་ཁུར་བྱེད་པ་དང་གླེང་མང་བའི་གནད་དོན་བཏོན་པ་དང་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་དེའི་ཐད་རེ་རེ་བཞིན་ལན་བཏབ་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧའེ་ཀྲོའུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཤ་གསར་ཟུར་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་མས་ཤ་གསར་ཟུར་སྡེ་ཁུལ་གྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱས་ཚུལ་ངོ་སྤྲོད་གནང་བ་རེད།

ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-01 ཝང་ཧའེ་ཀྲོའུ་དང་ཤའོ་ཡིའུ་ཚའེ་བྱེད་སྒོར་ཞུགས་པ། 6 6 拉萨日报藏文 c185671.html 1 ཐེན་ཕེ་ཡན་དང་བཅས་པས་རང་ལྗོངས་ཀྱི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་དང་ཕན་ཚུན་སྤེལ་རེས་གནང་བ། /enpproperty-->