ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་30ཉིན་གྱི་སྔ་དྲོར་2024ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་ལྷ་སའི་མཐོ་རིམ་གླེང་སྟེགས་བདེ་བླག་ངང་མཇུག་འགྲིལ་བ་དང་། པེ་ཅིང་དང་ལྷ་སའི་ས་གནས་གཉིས་ཀྱི་འགོ་ཁྲིད་དང་། ཡོན་ཧྲི་རིགས་གཅིག་མཁས་ཅན། ཕུལ་བྱུང་གི་ཁེ་ལས་མཁས་ཅན་བཅས་ལྷ་སར་འཛོམས་ནས་བསམ་ཚུལ་བརྗེ་རེས་བྱས་ཏེ་གྲངས་འཛིན་ལྷ་སའི་དཔལ་འབྱོར་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་ལེཊ་སྐྱེས་སུ་ཕུལ་ནས་གླེང་སྟེགས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་ཚོགས་འདུར་ཞུགས་པ་དང་འབྲེལ་མཇུག་འགྲིལ་གྱི་ཤིས་ཚིག་ཀྱང་གསུངས་ཡོད།
གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་སྒྲིག་འཛུགས་ཨུ་ལྷན་གྱི་དྲུང་ཆེ་ཡིའུ་ཅིང་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཝང་མིང་ཀྲེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཝང་ཆང་གིས་བསྟན་དོན། 2024ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་ལྷ་སའི་མཐོ་རིམ་གླེང་སྟེགས་ཀྱི་ཉིན་རེའི་ལས་རིམ་ཚགས་དམ་ཞིང་། ནང་དོན་ཕུན་སུམ་ཚོགས་ལ་ངོ་མཚར་ཆེ་བ་དང་། རིམ་ཁག་འགོ་ཁྲིད་ཀྱི་ངོ་མཚར་ཆེ་བའི་ཤིས་ཚིག་དང་། ཡོན་ཧྲི་དང་རིགས་གཅིག་མཁས་ཅན་གྱི་རིག་གཞུང་མཉམ་སྤྱོད་ཀྱང་ཡོད་ལ། ཕུལ་བྱུང་གི་ཁེ་ལས་མཁས་ཅན་དང་ཕུལ་བྱུང་ཁེ་ལས་ཀྱི་ཉམས་མྱོང་སྤེལ་རེས་ཀྱང་ཡོད་ཅིང་། ད་དུང་ཛ་དྲག་ཆེ་བའི་གྲངས་གཞིའི་འགྲན་བསྡུར་ཡང་ཡོད་པས། གྲངས་འཛིན་གྱི་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社