ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་གྲོང་གི་ཚོང་དོན་སྡེ་ཚན་གྱིས《ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་ལ་སྐུལ་འདེད་དང་། དམངས་འཚོར་ཕན་པ་འདོགས་པ། ཁེ་ལས་ལ་རོགས་རམ་བཅས་བྱེད་པའི་སྲིད་ཇུས་དོན་ཚན་8》དང་ཟུང་འབྲེལ་བྱས་ཏེ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་རིམ་མང་མཉམ་འགུལ་སོགས་ཀྱི་བྱ་ཐབས་བརྒྱུད་བཟའ་བཅའ་དང་ཉིན་མཁོའི་དངོས་རྫས“གཅིག་ཉོས་ན་གཅིག་སྤྲོད་པའི”བྲིན་སྐུལ་གྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་འཛད་སྤྱོད་རྒྱ་ཆེར་གཏོང་བའི“སྣ་འདུས་ཐབས་བཟང”ཡག་པོ་སྤྱད་དེ་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་ཡོང་བར་བྱས་ཐོག་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།
རང་གྲོང་གི་སྒོ་རྩིས་ཚོང་ཁང་མང་པོའི་ནང་བོད་ལྗོངས་ཏ་ཀྲའོ་གནས་ཆུ་ཁེ་ལས་ཚད་ཡོད་ཀུང་སིས་སྒོ་རྩིས་ཚོང་ཁང་གི་མངཊ་ཐོའི་དགོས་མཁོ་དང་དངོས་ཟོག་རྩིས་སྤྲོད་བྱེད་པའི་དུས་ཚོད་གཞིར་བཟུང་དུས་ཐོག་ཏུ་ཚོང་ཟོག་ཁ་གསབ་བྱས་ནས་སྡེབ་སྐྱེལ་བྱེད་ཀྱི་ཡོད། ཀུང་སི་དེའི་ཐོན་སྐྱེད་བཟོ་གྲྭ་ནས་གསར་འགོད་པས་འདྲུད་འཁོར་ཞིག་གིས་དངོས་ཟོག་བླུཊ་བཞིན་ཡོད་པ་དང་བཟོ་པ་ཚོས་དབོར་འདྲེན་རླངས་འཁོར་བཏང་ནས་བྲེལ་འཚུབ་ཀྱིས་ལས་ལ་བྲེལ་བཞིན་པ་མཐོང་ཡོད།
ཁེ་ལས་ཀྱིས《ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་ལ་སྐུལ་འདེད་དང་།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社